རྡ་སར་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་སྐོར།

བོད་ནང་རང་ལུས་མེར་བསྲེག་གི་ངོ་རྒོལ་བསྟུད་མར་ཐོན་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་མར་མེའི་ཁྲོམ་སྐོར་གནང༌།

2012.03.18

༄༅༎ཕྱི་ཟླ་༣ཚེས་༡༧ གྱི་ཕྱི་དྲོ་བཞུགས་སྒར་རྡ་རམ་སའི་མི་དམངས་ཉིས་བརྒྱ་ཙམ་འདུ་འཛོམས་ཀྱིས་ད་རེས་ཕྱི་ཚེས་༡༤ དང༌། ༡༦ ། ༡༧ བསྟུད་མར་བོད་མི་གསུམ་གྱིས་བོད་དོན་ཆེད་དུ་རང་ལུས་མེ་བསྲེག་བཏང་བར་གདུང་སེམས་ཉམས་བསྐྱེད་ཞུ་ཆེད་མར་མེའི་ཁྲོམ་སྐོར་གནང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་༣ཚེས་༡༤ ཉིན་གྱི་སྔ་དྲོའི་ཚོུད་༡༠ དང་ཕྱེད་ཀའི་ཐོག་གུང་གྲངས་༣༠ སོ་གྲངས་ཡིན་པའི་རེབ་གོང་རོང་བོ་དགོན་ཆེན་གྱི་སྐུ་ཞབས་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་བཏང་བ་དང། ཚེས་༡༦ ཕྱི་དྲོའི་ཚོུད་༥ཙམ་ལ་རང་ལོ་༢༠ སོན་པའི་མདོ་སྨད་རྔ་པ་ཀིརྟི་དགོན་པའི་རྒྱུད་པ་གྲ་ཚང་གི་སྐུ་ཞབས་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རང་ལུས་མེ་བསྲེག་བཏང་བ། ཡང་ཕྱི་ཚེས་༡༧ གྱི་སྔ་དྲོའི་ཚོུད་༩ དང་སྐར་མ་༤༠་ཞེ་གྲངས་ཙམ་ལ་རེབ་གོང་ནས་ཡིན་པའི་སྐྱ་བོ་བསོད་ནམས་དར་རྒྱས་ལགས་ཞུ་བས། རེབ་གོང་རོང་བོ་རྒྱལ་ཐང་དུ་རང་ལུས་མེ་བསྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་ཡ་ང་བའི་དོན་རྐྱེན་རིམ་པ་ཐོན་པར་བརྟེན། ཕྱི་ཚེས་༡༧ ཉིན་བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱིས་བོད་དོན་ཆེད་དུ་རང་ལུས་མེ་བསྲེག་བཏང་གནང་མཁན་ཚོར་གདུང་སེམས་ཉམས་བསྐྱེད་ཀྱི་ལས་འགུལ་གོ་སྒྲིག་གནང་བ་བཞིན། ཉིན་དེའི་ཕྱོ་དྲོའི་ཚོུད་༦ དང་ཕྱེད་ཀ་ཙམ་ལ་མི་དམངས་རྣམས་བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་གྷན་ཇིའི་ཁྲོམ་གཞུང་དུ་འདུ་འཛོམས་ཀྱིས། གོང་གསལ་རྔ་པ་དང་རེབ་གོང་དུ་རང་ལུས་མེ་བསྲེག་བཏང་གནང་མཁན་ཚོའི་སྐུ་པར་དང༌། བོད་ཀྱི་རྒྱལ་དར་སོགས་བསྣམས་ཏེ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ་འདོན་བཞིན་དུ་མར་མེའི་ཁྲོམ་སྐོར་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎