བོད་རྒྱ་གྲོས་མོལ་སླར་གསོ་ཡོང་བའི་གྲོས་འཆར་བཏོན་པར་མང་མོས་རྒྱབ་སྐྱོར་ཐོབ་འདུག


2020.08.18
ཁེ་ཎ་ཊ་དང་བོད་ཀྱི་རྒྱལ་དར། ཁེ་ཎ་ཊ་དང་བོད་ཀྱི་རྒྱལ་དར།
CTC

ཁེ་ཎ་ཊའི་གྲོས་ཚོགས་འོག་མའི་ཁེ་ན་ཊ་དང་རྒྱ་ནག་དམིགས་བསལ་འབྲེལ་ལམ་ལས་དོན་ཚོགས་ཆུང་ནང་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་བའི་གྲོས་འཆར་བཏོན་པར་མང་མོས་རྒྱབ་སྐྱོར་ཐོབ་འདུག
དེ་ཡང་འདི་ཚེས་༡༧་ཉིན། ཁེ་ཎ་ཊའི་གྲོས་ཚོགས་འོག་མའི་ཁེ་ན་ཊ་དང་རྒྱ་ནག་དམིགས་བསལ་འབྲེལ་ལམ་ལས་དོན་ཚོགས་ཆུང་གིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་བར་མིང་དོན་མཚུངས་བའི་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་བའི་གྲོས་འཆར་བཏོན་པར་མང་མོས་རྒྱབ་སྐྱོར་ཐོབ་འདུག
ཉེ་སྔོན་སྤྱི་ཚེས་༦་ཉིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་ཉན་ཞིབ་གནང་ཡོད་ཀྱང་། སྐབས་དེར་ཚོགས་ཆུང་དེ་ཡི་ནང་གི་འཐུས་མི་མི་ཉུང་བ་ཞིག་ལ་བོད་དང་རྒྱ་ནག་གི་གནད་དོན་ཐད་རྒྱུས་ལོན་དེ་ཙམ་མེད་པ་བཅས་ལ་བརྟེན། ཁེ་ཎ་ཊའི་བོད་དོན་ལྷན་ཚོགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་མཉམ་རུབ་ཐོག་སོ་སོའི་ས་གནས་ཀྱི་སྐུ་ཚབ་འཐུས་མི་ཁག་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་རེ་སྐུལ་སྙན་ཞུ་ཕུལ་བ་བཅས་ལ་བརྟེན་ནས་ད་ཐེངས་གྲོས་འཆར་ལ་རྒྱབ་སྐྱོར་བྱུང་བ་ཁེ་ཎ་ཊའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
མ་ཟད་གྲོས་འཆར་དེར་རྒྱབ་ནས་རྒྱབ་སྐྱོར་གནང་མཁན་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་བུ་ཁྲིད་ལགས་དཀར་པོ་ཆེ་ལགས་ནས་ཀྱང་གྲོས་འཆར་དེར་རྒྱབ་སྐྱོར་གནང་དགོས་བའི་འབོད་སྐུལ་ཞུས་ཡོད་པ་དང་། རྩ་བས་ཁེ་ན་ཊ་དང་རྒྱ་ནག་དམིགས་བསལ་འབྲེལ་ལམ་ལས་དོན་ཚོགས་ཆུང་གི་འཐུས་མི་རྣམས་ཀྱིས། བོད་རྒྱ་གཉིས་ཀྱིས་མིང་དོན་མཚུངས་པའི་གྲོས་མོལ་གནང་དགོས་པ་རྒྱབ་སྐྱོར་ཐོབ་ཀྱང་། རིམ་པས་སྤྱི་ཟླ་༩་བའི་ནང་ཚོགས་ཆུང་དེའི་གྲོས་འཆར་རྣམས་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་དང་སྦྲགས་རྒྱབ་སྐྱོར་ཐོན་མིན་ལྟ་དགོས་ཀྱི་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎