ཁེ་ན་ཊའི་གྲོས་ཚོགས་འཐུས་མི་རྡ་རམ་སཱ་ལར་ཕེབས་པ།
2016.01.19
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། འདི་ཚེས་༡༧ཉིན། ཁེ་ན་ཊའི་Conservativeཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Garnett Geniusཡིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆེད་ཕེབས་གཟིགས་སྐོར་གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཁང་གི་རྒྱུན་ལས་ཚོགས་ཆུང་དང་མཇལ་འཕྲད་གནང་ནས། སྤྱི་འཐུས་རྣམ་པས་སྤྱི་འཐུས་ལྷན་ཁང་གི་སྒྲིག་གཞི་འགྲོ་ལུགས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་སྲིད་བྱུས་ཁག་ངོ་སྤྲོད་ཞུས་ཡོད་པ་རེད།
ཁེ་ན་ཊའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Garnet Geniusཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་གསར་པ་ཞིག་ཡིན་ཞིང་། ཁོང་ཉེ་སྔོན་ཟླ་ངོ་གསུམ་སྔོན་ཁེ་ན་ཊའི་ནང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུའི་སྐབས་འོས་ཐོབ་བྱུང་གནང་ཡོད་པ་དང་། ཁོང་ད་ཐེངས་བཞུགས་སྒར་དུ་ཕེབས་ཐེངས་དང་པོ་ཡིན་པ་རེད།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།