ཉུང་མཐར་འགྲུལ་བཞུད་པ་མི་གྲངས་༢༤རྐྱེན་འདས།


2014.11.20
བལ་ཡུལ་ནང་གི་སྤྱི་སྤྱོད་སྣུམ་འཁོར་ཞིག བལ་ཡུལ་ནང་གི་སྤྱི་སྤྱོད་སྣུམ་འཁོར་ཞིག
པར་ཚགས། Manfred Lentz

བལ་ཡུལ་ནང་སྤྱི་སྤྱོད་སྣུམ་འཁོར་ཞིག་གཙང་པོའི་ནང་ལྷུང་ནས་མི་གྲངས་ཉི་ཤུ་རྩ་བཞི་ཙམ་རྐྱེན་འདས་སུ་ཕྱིན་ཡོད་འདུག
དེ་རིང་གཟའ་ཕུར་བའི་ཉིན་བལ་ཡུལ་གྱི་ནུབ་ཕྱོགས་རི་རྒྱུད་ས་ཁུལ་དུ་སྤྱི་སྤྱོད་སྣུམ་འཁོར་ཞིག་དེའི་རྒྱུད་ཀྱི་གཙང་ཆུའི་ནང་ལྷུང་ནས་ཉུང་ཐར་ཡང་མི་གྲངས་༢༤རྐྱེན་འདས་སུ་ཕྱིན་ཡོད་པ་དང་། སྲོག་སྐྱོབ་མི་སྣ་ཚོས་ད་དུང་ཡང་གཙང་ཆུའི་ནང་སྲོག་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་པ་ས་གནས་ཉེན་རྟོག་པས་འགྲེལ་བརྗོད་བྱས་འདུག སྤྱི་སྤྱོད་སྣུམ་འཁོར་དེ་བཞིན་Kakarkot ས་གནས་སུ་བསྐྱོད་པའི་ལམ་བར་རི་ཟུར་ཞིག་ཏུ་སླེབས་སྐབས་མོ་ཊ་ཁ་ཤོར་ནས་གཙང་པོའི་ནང་ལྷུང་ཡོད་པ་མ་ཟད། སྣུམ་འཁོར་ཡོངས་སུ་གཙང་ཆུའི་ནང་དིམ་ཡོད་པ་དང་། མོ་ཊ་དེའི་ནང་ཁྱོན་འགྲུལ་པ་མི་གྲངས་༤༥ཡོད་འདུག ཡིན་ནའི་ཉེན་རྟོག་དཔོན་Chaudharyགསུངས་བ་ལྟར་ན། སྤྱི་སྤྱོད་སྣུམ་འཁོར་འདིའི་ནང་ཉེན་རྟོག་པས་གྲངས་ཚད་ཕྱིར་བརྗོད་པ་༤༥ལས་མང་བ་ཡོད་སྲིད་པ་དང་། གང་ཡིན་ཟེར་ན་རྒྱུན་དུ་ནས་སྤྱི་སྤྱོད་སྣུམ་འཁོར་གཏོང་མཁན་ཚོས་དངུལ་མང་ཙམ་ལེན་ཐུབ་པའི་ཆེད་སྤྱི་སྤྱོད་སྣུམ་འཁོར་ནང་འགྲུལ་པ་གཤོངས་ཚད་ལས་བརྒལ་ནས་བླུག་གི་ཡོད་པ་གསུངས་འདུག རྩད་རྙེད་ཐུབ་པའི་ཕུང་པོའི་ལྔའི་ནང་ནས་གཉིས་ཕྲུ་གུ་ཡིན་ཞིང་། དེ་མིན་ཉེན་རྟོག་པས་རྨས་སྐྱོན་ཕོག་མི་བཅུ་ས་གནས་ནས་ཐག་ཉེ་བའི་སྨན་ཁང་ཞིག་ཏུ་སྨན་བཅོས་སུ་བསྐྱལ་ཡོད་པ་ཉེན་རྟོག་པས་འགྲེལ་བརྗོད་བྱས་འདུག བལ་ཡུལ་ནང་གཞུང་ལམ་གྱི་གནས་སྟངས་ཧ་ཅང་སྐྱོ་པོ་དང་འགྲོ་བསྐྱོད་མི་བདེ་བའི་རྐྱེན་གྱིས་རྒྱུན་དུ་ནས་མོ་ཊ་བརྡབ་སྐྱོན་གྱི་གནས་ཚུལ་ཧ་ཅང་མང་པོ་ཡོང་གི་ཡོད་ཅིང་།  ཟླ་བ་སྔོན་མ་བལ་ཡུལ་གྱི་རྒྱལ་ས་ཀ་ཌ་མན་དུའི་ནང་སྤྱི་སྤྱོད་སྣུམ་འཁོར་ཞིག་གྲོང་ཁྱེར་གྱི་ཐུར་དུ་བསྐྱོད་པའི་སྐབས་ཁ་ཤོར་ནས་མི་གྲངས་༡༤ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎