བོད་དཀར་མཛེས་ཁུལ་དུ་ནང་ཆོས་ངོ་སྤྲོད་ཀྱི་ལས་འགུལ།

ཏྲེ་ཧོར་སྐྱབས་མགོན་ཐུབ་བསྟན་དགེ་ལེགས་ཀྱི་ཐུགས་ཁུར་གྱི་ཐོག་ནས་གྲོང་སྡེ་དང་གྲོང་གསེབ་ཁག་གི་ནང་དུ་ནང་ཆོས་ངོ་སྤྲོད་ཀྱི་ལས་འགུལ།

2011.10.04

༄༅༎བོད་ཀྱི་ཁམས་དཀར་མཛེས་ཁུལ་དུ་ཏྲེ་ཧོར་སྐྱབས་མགོན་ཐུབ་བསྟན་དགེ་ལེགས་ མཆོག་གི་ཐུགས་ཁུར་གྱི་ཐོག་ནས་གྲོང་སྡེ་དང་གྲོང་གསེབ་ཁག་གི་ནང་དུ་ནང་ཆོས་ངོ་ སྤྲོད་ཀྱི་ལས་འགུལ་ཞིག་འགོ་བཙུགས་གནང་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ འདུག་། ང་ཚོའི་ཨོ་སི་ཌེ་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་གནས་ཚུལ་བཏང་ དོན་ལྟར་ན་ བཙན་བྱོལ་སྤྱི་ཚོགས་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་དོན་དང་ལམ་ སྟོན་འོག་བོད་རིགས་ན་གཞོན་སོགས་ལ་ནང་ཆོས་ཀྱི་ངོ་སྤྲོད་དང་ ལྷག་དོན་དུ་ཚད་མ་རིག་པ་བརྒྱུད་ནས་སློབ་འཁྲིད་ཀྱི་ལས་རིམ་འགོ་བཙུགས་གནང་བ་ བཞིན་བོད་ཀྱི་ས་ཁུལ་ཁག་ཏུ་ཡང་ ཆོས་ཕྱོགས་ཀྱི་གོ་རྟོགས་དང་ ཤེས་བྱ་གོང་འཕེལ་གྱི་ཐོག་ནས་བོད་མིའི་ཁྲོད་དུ་ཞི་བདེ་དང་ ཡ་རབས་བཟང་སྤྱོད་ཀྱི་ཁོར་ཡུག་བསྐྲུན་པའི་ཆེད་ ནང་ཆོས་ཀྱི་ངོ་སྤྲོད་དང་ ཆོས་ཁྲིམས་ཕྱི་བསྒྲགས་གནང་གནང་ཡོད་ཅིང་། ཉེ་སྔོན་བོད་ཀྱི་ཁམས་དཀར་མཛེས་ཁུལ་དུ་ དཀར་མཛེས་དགོན་པ་དང་ ཏྲེ་ཧོར་སྐྱབས་མགོན་ཐུབ་བསྟན་དགེ་ལེགས་མཆོག་གི་བཀའ་སློབ་ལམ་སྟོན་འོག་གྲོང་ སྡེ་དང་ གྲོང་གསེབ་ཁག་ཏུ་ཆོས་ཕྱོགས་ཀྱི་ངོ་སྤྲོད་ཀྱི་ལས་འགུལ་ཞིག་འགོ་བཙུགས་གནང་ འདུག་། 
དཀར་མཛེས་ཁུལ་དུ་ནང་ཆོས་ངོ་སྤྲོད་ནང་ལུང་རྟོགས་ཀྱི་བསྟན་པའི་ ངོ་སྤྲོད་དང་ སྐྱབས་འགྲོ་སེམས་སྐྱེད་སོགས་གྲོང་སྡེ་ཁག་ཏུ་དགེ་འདུན་པ་དངོས་སུ་ཕེབས་ནས་ངོ་ སྤྲོད་གནང་གི་ཡོད་པ་རེད་འདུག་། བོད་ནས་གནས་ཚུལ་གནང་མཁན་གྱིས་དེ་འདྲའི་ནང་ཆོས་ངོ་སྤྲོད་ཀྱིས་བོད་མི་རྣམས་ལ་ ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པའི་སྐོར་དཀར་མཛེས་ཁུལ་གྱི་བོད་མི་ཞིག་གིས་ འགྲེལ་བརྗོད་གནང་བ་བཅས་ཀྱི་གནས་ཚུལ་ཐོན་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎