རྒྱ་ནག་ནང་ནང་ཆོས་ལ་དོ་སྣང་རྒྱ་ཁྱབ་འགྲོ་བ།

བཀའ་ཁྲི་མཆོག་གིས་རྒྱ་ནག་ནང་ནང་ཆོས་ལ་དོ་སྣང་རྒྱ་ཁྱབ་འགྲོ་བཞིན་ཡོད་པའི་སྐོར་གསར་འགོད་པ་དང་མཇལ་འཕྲད་སྐབས་གསལ་འདོན་གནང་།

2012.01.05

བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་རྒྱ་ཁྱབ་འགྲོ་བཞིན་ཡོད་པའི་སྐོར་ གནས་མཆོག་རྡོ་རྗེ་གདན་དུ་ གསར་འགོད་པ་དང་མཇལ་འཕྲད་སྐབས་གསལ་འདོན་གནང་ཡོད་པའི་གནས་ཚུལ་ཐོན་འདུག༎
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱིི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་ བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ གནས་མཆོག་རྡོ་རྗེ་གདན་དུ་གཟིགས་སྐོར་དུ་ཕེབས་ཡོད་པ་དང་ གཟིགས་སྐོར་གྲུབ་མཚམས་ ཁ་ས་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ བཀའ་ཁྲི་མཆོག་དང་ཕྱི་དྲིལ་བཀའ་བློན་རྣམ་གཉིས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་ཉེ་འཁྲིས་སུ་སྡོད་གུར་གྱི་ཚོགས་ཁང་ཞིག་ནང་ ཕྱི་ནང་གི་གསར་འགོད་པ་དྲུག་ཅུ་བརྒལ་བ་དང་ཐུག་འཕྲད་གནང་སྟེ་ གསུང་བཤད་དང་གསར་འགོད་པའི་འདྲི་བར་ལན་འདེབས་གནང་ཡོད་པ་རེད་ བཀའ་ཁྲི་མཆོག་གིས་གསུངབཤད་ནང་ ད་རེས་དུས་དབང་ཐེངས་ ༣༢ པའི་སྐབས་ གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བ་ཁྱོན་མི་གྲངས་ཆིག་འབུམ་ལྔ་ཁྲི་ལྷག་བསྡུ་འཛོམས་བྱུང་བའི་ཁྲོད་ ཕྱི་རྒྱལ་ཡུལ་གྲུ་ཁག ༦༣ ཙམ་ནས་དད་ལྡན་ཆོས་ཞུ་བ་ཕེབས་ཡོད་པ་མ་ཟད་ བོད་ནས་ཆོས་ཞུ་བ་ ༨༠༠༠ ལྷག་དངོས་སུ་འདིར་བཅར་ཐུབ་ཡོད་ཀྱང་ སྤྱིར་བོད་མི་མང་པོ་ཞིག་ལ་ཐོངས་མཆན་ཐོབ་མེད་པའི་གནས་ཚུལ་བྱུང་ལུགས་གསལ་འདོན་གནང་འདུག་པ་དང་ དེ་བཞིན་རྒྱ་ནག་སྐམ་ས་ནས་རྒྱ་རིགས་ ༡༠༠༠ བརྒལ་བ་ཕེབས་ཡོད་པ་དེས་དེང་སྐབས་རྒྱ་རིགས་ཚོའི་ཁྲོད་ནང་ཆོས་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པ་གསལ་པོ་ཡིན་པ་མ་ཟད་ དེང་སྐབས་རྒྱ་ནག་སྐམ་ས་ཆེན་མོའི་ནང་དུ་  ནང་ཆོས་ལ་དོ་སྣང་བྱེད་མཁན་རྒྱ་རིགས་ས་ཡ་ ༢༠༠ དང་ ༣༠༠ སྐོར་ཡོད་པ་ཤེས་ཚོར་ཡོད་སྐོར་འགྲེལ་བརྗོད་གནང་བཞག་ དེ་ནས་བཀའ་ཁྲི་མཆོག་གིས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་བ་དང་སྦྲགས་ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སྤྱི་དང་ ལྷག་པར་མང་གཙོ་དང་འཚེ་བ་མེད་པའི་ལྟ་གྲུབ་ལ་གཞི་བཅོལ་ཏེ་ བོད་དོན་བདེན་མཐའ་སེལ་ཐབས་ དང་ དེ་བཞིན་བོད་རྒྱ་མི་རིགས་ གཉིས་སྨན་ཆེད་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་ རྒྱ་ནག་དཔོན་རིགས་ཚོ་དང་ལྷན་གྲོས་མོལ་རྒྱུན་འཁྱོངས་ཡོང་ཐབས་ཀྱི་ལས་གཞི་སོགས་ཀྱི་སྐོར་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎