ལིའུ་ཤའོ་ཕུའུ་ཡི་སྤུན་མཆེད་ཚོས་ཁོང་གི་གཟེངས་རྟཌ་ལེན་འཆར།

རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ཡི་བུ་སྤུན་ཚོས་ནོ་བེལ་གཟེངས་རྟགས་ལེན་པར་འགྲོ་རྒྱུའི་འཆར་གཞི།

2010.10.26

༄༅༎རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་འདི་ལོའི་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་པ་དེ་རྒྱ་ནག་གཞུང་གིས་ཁོང་གི་བཟའ་ཟླ་ལིའུ་ཤའ་ལ་འདི་ལོ་ལོ་མཇུག་ཏུ་ནོར་ལྦེ་དུ་བྱ་དགའ་ལེན་པར་མ་བཏང་བ་ཡིན་ཚེ། ཁོང་གི་བུ་སྤུན་ཚོས་ལེན་པར་འགྲོ་རྒྱུའི་འཆར་གཞི་ཡོད་པ་རེད།

དེ་རིང་རེས་གཟའ་མིག་དམར་ཉིན་ཧོང་ཀོང་ནང་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། འདི་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༠ཉིན་ནོར་ལྦེའི་རྒྱལ་ས་ཨོ་སི་ལོ་དུ་ལིའུ་ཤའོ་ཕུའུ་ཡི་ནོ་བེལ་ཞི་བདེའི་བྱ་དགའ་ཕུལ་གྱི་ཡོད་པར་བརྟེན་ནས་ཁོང་གི་བུ་སྤུན་ལིའུ་ཤའོ་ཀོང་དང་ལིའུ་ཤའོ་ཤོན་གཉིས་ཀྱིས་ལིའུ་ཤའོ་ཕུའུ་ཡི་སྐུ་ཚབ་ཀྱི་ཐོག་ནས་ནོ་བེལ་བྱ་དགའ་ལེན་པར་འགྲོ་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར་དང༌། ད་དུང་ཁོང་གི་བུ་སྤུན་གཉིས་ནས། ཕྱི་ཟླ་༡༡པའི་ནང་ལྷོ་ཀོ་རི་ཡའི་ནང་འཛམ་གླིང་གི་རྒྱལ་ཁབ་ཁག་༢༠དབུ་ཁྲིད་རྣམས་ལྷན་འཛོམས་གནང་གི་ཡོད་པའི་སྐབས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་ཡང་མཉམ་ཞུགས་བྱེད་ཀྱི་ཡོད་པར་བརྟེན་ནས་རྒྱལ་ཁབ་༢༠འི་དབུ་ཁྲིད་ཀྱི་ཐོག་ནས་ཁོང་ཚོའི་སྤུན་ལིའུ་ཤའོ་ཕུའུ་བཙོན་ནས་གློད་འགྲོལ་ཡོང་ཐབས་ལ་རྒྱ་ནག་གི་སྲིད་འཛིན་ལ་གནོན་ཤུགས་སྤྲོད་ཐབས་ཡོང་བའི་འབོད་སྐུལ་ཞུས་ཡོད་པའི་སྐོར་བཀོད་ཡོད་པ་རེད། འདི་ལོའི་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་མཁན་ལིའུ་ཤའོ་ཕུའུ་ཡིས་རྒྱ་ནག་ནང་དམངས་གཙོའི་ལམ་ལུགས་བཅོས་བསྒྱུར་གཏོང་ཐབས་ཀྱི་ཆེད་དུ་༢༠༠༨ལོའི་རྩ་འཛིན་ཡིག་ཆ་ཞེས་པ་བྲིས་རྩོམ་གནང་བའི་རྐྱེན་གྱིས་ན་ནིང་ཕྱི་ཟླ་༡༢པའི་ནང་རྒྱ་ནག་གཞུང་གི་སྲིད་དབང་མགོ་རྟིང་སློག་ཐབས་བྱེད་མཁན་གྱི་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ། མི་ལོ་༡༡བཙོན་འཇུག་གི་ཉེས་ཆད་མྱོང་བཞིན་ཡོད་པ་དང༌། ཁོང་ལ་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་པའི་གནས་ཚུལ་གསལ་བསྒྲགས་བྱས་པ་ནས་བཟུང་ཁོང་གི་བཟའ་ཟླ་ལིའུ་ཤའ་ཡང་འགྲོ་བསྐྱོད་ཀྱི་རང་དབང་མེད་པར་པེ་ཅིང་གི་ཁྱིམ་ཚང་དུ་དམ་བསྒྲགས་འོག་གནས་བཞིན་ཡོད་པར་བརྟེན་ལིའུ་ཤའོ་ཕུའུ་ཡི་བུ་སྤུན་གཉིས་ངོས་ནས། རྒྱ་ནག་གཞུང་གིས་ལིའུ་ཤའ་ཐོག་མུ་མཐུད་ནས་དམ་བསྒྲགས་བྱས་ཏེ། ནོར་ལྦེ་དུ་བྱ་དགའ་ལེན་པར་འགྲོ་བསྐྱོད་མ་ཐུབ་ན། ཁོང་གཉིས་འགྲོ་རྒྱུའི་འདུན་པ་ཡོད་ཀྱང་ཉེན་རྟོག་པས་ཁོང་གཉིས་ཀྱི་ཐོག་ལའང་ལྟ་རྟོགས་བྱེད་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་གནས་སྟངས་གང་འདྲ་ཞིག་ཡོང་གི་ཡོད་ཀྱང༌ཟླ་བ་རྗེས་མར་ཁོང་གཉིས་རྒྱ་ནག་གི་ལའོ་ནིང་ཞིང་ཆེན་གྱི་བཙོན་ཁང་དུ་ལིའུ་ཤའོ་ཕུའུ་ཐུག་འཕྲད་དུ་འགྲོ་རྒྱུའི་འཆར་གཞི་ཡོད་པ་ལྟར་སྐབས་དེ་དུས་བྱ་དགའ་ལེན་པ་སུ་བསྐྱོད་མིན་གྲོས་བྱེད་རྒྱུའི་གོ་སྐབས་ཡོང་བའི་རེ་བ་ཡོད་ཅེས་བཤད་ཡོད་པ་རེད།། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎