དབྱིན་ཇིའི་གྲོས་ཚོཊ་ཀྱི་འཐུས་མི་རྒྱ་ནག་ཏུ་ཕེབས་རྒྱུ་ཕྱིར་འཐེན།


2014.11.25
དབྱིན་ཇི་དང་རྒྱ་ནག་གི་རྒྱལ་དར། དབྱིན་ཇི་དང་རྒྱ་ནག་གི་རྒྱལ་དར།
AFP

རྒྱ་ནག་གིས་ཐོངས་མཆན་མ་ཕུལ་བར་ངོ་རྒོལ་མཚོན་བྱེད་དབྱིན་ཇིའི་གྲོས་ཚོཊ་ཀྱི་འཐུས་མི་གཞན་ཚོས་རྒྱ་ནག་ཏུ་ཕེབས་རྒྱུ་ཕྱིར་འཐེན་གནང་འདུག
དེ་ཡང་ཧོང་ཀོང་གི་དམངས་གཙོའི་རང་སྐྱོང་གི་གནས་བབ་ལ་རྒྱབ་སྐྱོར་གནང་མཁན་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Richard Grahamལ་རྒྱ་ནག་ཏུ་བསྐྱོད་རྒྱུར་རྒྱ་ནག་གཞུང་གིས་ཐོངས་མཆན་ཝི་ས་མ་ཕུལ་བའི་རྐྱེན་གྱིས་ཁོང་དང་ལྷན་དུ་རྒྱ་ནག་ཏུ་ཕེབས་འཆར་ཡོད་མཁན་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་གཞན་ཚོས་ཁོང་རྣམ་པ་རྒྱ་ནག་ཏུ་ཕེབས་རྒྱུ་ཕྱིར་འཐེན་གནང་འདུག སྐུ་ཞབས་རི་ཆརཌ་གྷརཱ་ཧམ་ནི་དབྱིན་ཇིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་དམིགས་བསལ་ཚོགས་ཆུང་དེའི་ཚོགས་གཙོ་ཡིན་ཞིང་། ཚོགས་ཆུང་དེའི་ནང་དབྱིན་ཇིའི་གྲོས་ཚོགས་ཀྱི་སྲིད་དོན་ཤོག་ཁག་ཚང་མའི་འཐུས་མི་ཡོད་པ་རེད། ཁོང་ནི་ལོ་རབས་བརྒྱད་བཅུའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་དེ་སྔོན་པོར་ཅུ་གྷེ་སིའི་མངའ་འོག་ཏུ་ཡོད་པ་མ་ཀའོ་འམ་ཨའོ་མན་ནང་གི་དབྱིན་ཇིའི་གཞུང་ཚབ་ཁང་དུ་ཕྱག་ལས་གནང་མྱོང་མཁན་ཞིག་ཀྱང་ཡིན་པ་རེད། དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་དེ་དག་གཟའ་མིག་དམར་ཉིན་རྒྱ་ནག་ཏུ་ཕེབས་འཆར་ཡོད་འདུག་པ་དང་། ཁོང་རྣམ་པའི་རྒྱ་ནག་གི་འཚམས་གཟིགས་འདིའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དུ་ཚུགས་རྒྱུའི་དབྱིན་ཡུལ་དང་རྒྱ་ནག་བཟུང་འབྲེལ་གྱི་ཐོག་ནས་གཉེར་རྒྱུའི་འགོ་ཁྲིད་གླེང་སྟེགས་ཀྱི་ཚོགས་འདུའི་ནང་མཉམ་ཞུགས་གནང་རྒྱུ་དེ་ཡིན་འདུག
དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་དབྱིན་ཡུལ་གྱི་ངོས་ནས་རྒྱ་ནག་གཞུང་ལ་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་དེར་ཐོངས་མཆན་ཝི་ས་མ་ཕུལ་བར་ངོ་རྒོལ་དང་དེའི་རྒྱུ་མཚན་གསལ་བཤད་དགོས་རྒྱུའི་དགོས་འདུན་བཏོན་ཟིན་ལུགས་བརྗོད་པ་དང་། ད་དུང་མགྲིན་ཚབ་པ་དེས་དབྱིན་ཡུལ་དང་རྒྱ་ནག་གཞུང་ཟུང་འབྲེལ་གྱི་ཐོག་ནས་གཉེར་རྒྱུའི་འགོ་ཁྲིད་གླེང་སྟེགས་ཀྱི་ཚོགས་འདུ་འདི་ནི་ཡུལ་གྲུ་གཉིས་དབར་གྱི་འབྲེལ་བའི་འཕེལ་རིམ་ཐོག་གནད་འགག་ཆགས་པའི་ལས་དོན་ཞིག་ཡིན་པ་གསལ་བཤད་གནང་ཡོད་པ་རེད། འོན་ཀྱང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་རྒྱ་ནག་ཏུ་ཕེབས་རྒྱུ་ཕྱིར་འཐེན་གནང་པ་དེ་སྒེར་གྱི་གནས་ཚུལ་གྱི་ཐོག་ནས་ཡིན་སྲིད་ལུགས་དང་། དབྱིན་ཡུལ་གྱི་ངོས་ནས་རྒྱ་ནག་དང་དབྱིན་ཡུལ་ཕན་ཚུན་གྱི་ཡིད་ཆེས་དང་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་རྒྱུར་ལས་འགན་ཆེ་ཙམ་འཁུར་དགོས་ལུགས་བརྗོད་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎