བོད་ཀྱི་གནད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ།

སྦི་རིག་ཚོགས་འདུར་ཕེབས་མཁན་རྒྱལ་ཁབ་ཀྱི་དབུ་འཁྲིད་ཚོས་རྒྱ་ནག་སྲིད་འཛིན་མཉམ་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ།

2012.03.29

༄༅༎བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྦི་རིག་(BRIC)ཚོགས་འདུར་ཕེབས་མཁན་རྒྱལ་ཁབ་ཀྱི་དབུ་འཁྲིད་ཚོས་སྲིད་འཛིན་ཧུ་ཇིན་ཏོའི་མཉམ་བོད་ཀྱི་གནད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག
དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁ་ས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱལ་ས་ལྡི་ལིའི་ནང་བསྐོངས་ཚོགས་གནང་བའི་བྷི་རིག་སི་འམ་རྒྱ་གར་དང་། རྒྱ་ནག། ར་ཤེ་ཡ། ལྷོ་ཨཕ་རི་ཀ།བཅས་པའི་རྒྱལ་ཁབ་ཚོའི་དབུ་འཁྲིད་རྣམ་པས་རྒྱ་ནག་མཉམ་བོད་ཀྱི་གནད་དོན་དང་ལྷག་པར་དུ་དེང་སང་བོད་ཀྱི་ཛ་དྲག་གནས་ཚུལ་རྣམས་ངོ་སྤྲོད་གནང་བ་དང་། སྦྲགས་འབོད་སྐུལ་ཞུས་འདུག་ལ་དམིགས་བསལ་ཉེ་ཆར་སྲིད་འཛིན་ཧུ་ཇིན་ཏོའི་མཚན་ཐོག་གྲོས་ཚོགས་ནས་འབོད་སྐུལ་གྱི་ཞུ་སྙན་ཕུལ་བའི་སྐོར་ཡང་ལུང་འདྲེན་གནང་ཡོད་པ་རེད། ཡང་གོང་ཞུས་ཞུ་སྙན་དེའི་ནང་། བོད་ནང་ད་བར་བོད་མི་སུམ་ཅུ་ཙམ་ནས་རང་ལུས་མེར་སྲེགས་བཏང་ཡོད་པ་དང་། དེའི་ནང་ནས་ཉི་ཤུ་རྩ་གཉིས་ཙམ་འདས་གྲོངས་གྱུར་ཡོད་པ་དེ་དག་གི་གནས་ཚུལ་བྱུང་རྐྱེན་གཙོ་བོ་ག་རེ་ཡིན་མིན་རྒྱ་ནག་གཞུང་ནས་ཞིབ་འཇུག་བྱེད་དགོས་པ་མ་ཟད་བོད་ནང་དངོས་ཡོད་གནས་ཚུལ་རྟོག་ཞིབ་སླད་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པ་ཞིག་ཡོང་བཅུག་དགོས་ལུགས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དང་རྒྱ་ནག་ལ་གཟིགས་བསྐོར་ཕེབས་ཆོག་པ། བོད་ནང་དམག་མི་དང་། དྲག་ཆས་ཉེན་རྟོག་པ་མང་པོ་དཔུང་འཇོག་བྱས་ཡོད་པ་དེ་དག་ཕྱིར་འཐེན་དགོས་པ། བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པ་སོགས་དོན་ཚན་ཁག་ཅིག་རྒྱ་ནག་ལ་འབོད་སྐུལ་ཞུས་པ་རྣམས་ཀྱང་གསལ་པོ་ངོ་སྤྲོད་གནང་ཡོད་པ་རེད། བྷི་རིག་སི་ཞེས་པའི་ཚོགས་འདུ་འདི་བཞིན་འབྲེལ་ཡོད་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམས་ཉིན་གྲངས་གཉིས་རིང་ཚོགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎