སྦེེརེ་ཛིལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས།

སྦེརེ་ཛིལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཟླ་བ་འདིའི་ཕྱི་ཚེས་༡༣ཉིན་དངོས་སུ་དབུ་བཙུགས་གནང་ཡོད་པའི་སྐོར།

2012.06.15

༄༅༎སྦེརེ་ཛིལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཟླ་བ་འདིའི་ཕྱི་ཚེས་༡༣ ཉིན་དངོས་སུ་དབུ་བཙུགས་གནང་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག

དེ་ཡང་ཕྱི་ཟླ་དྲུག་པའི་ཚེས་༡༣ རེས་གཟའ་ལྷག་པའི་ཉིན་སྦེརེ་ཛིལ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ལྦལ་ཀྲར་ཕེལདྲ་མེན་མཆོག་གིས་སྣེ་ཁྲིད་དེ་གྲོས་ཚོགས་ཀྱི་འཐུས་མི་༢༡༥ ཡིས་རྒྱབ་སྐྱོར་གྱི་ས་ཡིག་བཀོད་ཡོད་པ་རེད། འཐུས་མི་དེ་རྣམས་ནི་གྲོས་ཚོགས་གོང་འོག་གཉིས་ཀའི་ཚོགས་མི་ཡོངས་རྫོགས་ཀྱི་རྒྱབ་སྐྱོར་གནང་བ་ཞིག་དང༌། ཁོང་རྣམས་ཀྱིས་བོད་རྒྱའི་དཀའ་རྙོགས་སེལ་ཐབས་ཀྱི་ཆེད་དུ་བཞུགས་སྒར་དུ་ཡོད་པའི་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གི་འགོ་ཁྲིད་བར་བོད་རྒྱགྲོས་མོལ་གྱི་ལམ་ནས་་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་ཡོང་ཐབས་ལ་རྒྱབ་སྐྱོར་གནང་བ་ཞིག་ཡིན་པ་རེད།

སྐབས་དེར་སྐུ་ཞབས་ལྦོལ་ཀྲར་ཕེལདྲ་མེན་ཡི་གཏམ་བཤད་གནང་བའི་ནང༌། འཐབ་རྩོད་དེ་ནི་བོད་མི་ཁོ་ནས་བྱེད་དགོས་པ་ཞིག་མ་ཡིན་པར་ང་ཚོ་གྲོས་ཚོགས་དང༌། གཞུང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་འཐབ་རྩོད་ཅིག་ཀྱང་ཡིན་ཞིང༌། ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་ཐབས་ལ་ལེགས་སྐྱེས་ཕུལ་ཏེ། འཛམ་གླིང་དེ་བཞིན་ཞི་བདེ་ལྡན་པ་ཞིག་སྐྲུན་ཐབས་ལ་ལེགས་སྐྱེས་འབུལ་དགོས་ཀྱི་རེད། རྒྱལ་ཁབ་ཚང་མར་སོ་སོའི་ཁྱད་ཆོས་ལྡན་པའི་ལོ་རྒྱུས་དང་ཐོུང་མ་ཡིན་པའི་རིག་གཞུང་ཡོད་པ་དེ་ཚོར་ང་ཚོས་གུས་བཀུར་དང་དྲན་གསོ་བྱ་དགོས་པ་ཡིན། གལ་ཏེ་དེ་ལྟར་མ་བྱས་པ་ཡིན་ཚེ། རིམ་པས་མི་རིགས་དེའི་ངོ་བོ་བརླགས་འགྲོ་བ་དང༌། བླ་སྲོག་མེད་པའི་འཛམ་གླིང་གི་ཁྱིམ་ཚང་ཞིག་ཏུ་འགྱུར་རྒྱུའི་ཉེན་ཀ་ཡོད་པས། མི་རིགས་དེའི་རིག་གཞུང་གི་ངོ་བོ་དེ་ནི། མི་རིགས་དེའི་རྒྱལ་ཁབ་ཀྱི་ངོ་བོ་ཡང་ཡིན། དེར་བརྟེན་བོད་མི་ཚོས་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་གནས་བབ་གཉན་འཕྲང་དེའི་སྐབས། བོད་མི་ཚོར་འདྲ་མཉམ་ཀྱི་ཐོབ་ཐང་ཞིག་ཡོང་ཐབས་མ་ཟད། དངོས་སུ་ལག་བསྟར་དོན་འཁྱོལ་ཡོང་ཐབས་ཀྱི་ཆེད་དུ་ཁོང་ཚོའི་འཐབ་རྩོད་དེའི་ནང་མཉམ་ཞུགས་བྱས་པ་ཡིན་ཞེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎