རྒྱ་ནག་གི་ཅ་དངོས་ཚོང་རྫས་བཀག་སྡོམ་བྱེད་དགོས་པའི་ལས་འགུལ་སྤེལ་འདུག
2020.06.19

རྡ་རམ་སཱ་ལར་བོད་མི་དང་རྒྱ་གར་ཡུལ་མི་མཉམ་དུ་རྒྱ་ནག་གི་ཅ་དངོས་ཚོང་རྫས་བཀག་སྡོམ་བྱེད་དགོས་པའི་ལས་འགུལ་སྤེལ་འདུག
བར་སྐབས་ནས་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་རྩོད་རྙོག་འབྱུང་བཞིན་པ་དང་། ལྷག་པར་དུ་ཉིན་ཤས་སྔོན་རྒྱ་གར་གྱི་དམག་མི་༢༠་ལྷག་རྒྱ་མིའི་ས་སྲུང་དམག་མིས་རྐྱེན་ལམ་དུ་བཏང་པའི་གནས་ཚུལ་བྱུང་བ་སོགས་ལ་བརྟེན་ནས་རྒྱ་གར་མི་དམངས་ཀྱིས་རྒྱ་ནག་ལ་འཁོན་འཛིན་བྱེད་པའི་རྣམ་པ་ཇེ་ཆེར་འགྱུར་བཞིན་པའི་སྐབས་འདིར་རྒྱ་གར་ནང་རྒྱ་ནག་གི་བཅའ་དངོས་བེད་སྤྱོད་མཚམས་ཀྱི་ལས་འགུལ་སྤེལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
ཕྱི་་ཟླ་༦་པའི་ཚེས་༡༩་ཉིན་རྒྱ་གར་རྡ་རམ་སཱ་ལར་རྒྱ་གར་གྱི་ཡུལ་མི་དང་བོད་མི་ཁག་ཐོུང་གི་ཐོག་ནས་
རྒྱ་གར་ནང་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་པ་དང་། བོད་རང་དབང་ནི་རྒྱ་གར་གྱི་བདེ་འཇགས་ཡིན་པ་སོགས་ཀྱི་སྐད་འབོད་ལས་འགུལ་ཞིག་སྤེལ་འདུག
ལས་འགུལ་པ་ཚོས་དབྱིན་ཇི་དང་། ཧིན་རྡུ། བོད་སྐད་བཅས་ཀྱི་ལམ་ནས་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་ཧམ་ཟོས་བྱས་པ་མ་ཟད། ད་ཆ་རྒྱ་གར་གྱི་ས་ཐོག་ཏུ་འཛུལ་ཏེ་རྒྱ་གར་དམག་མིའི་ཚེ་སྲོག་ལ་གནོད་འཚེ་བཏང་བ་དང་། ཁྲིམས་འགལ་གྱིས་ས་ཆ་ཧམ་ཟོས་བྱེད་པའི་གནས་ཚུལ་འབྱུང་བཞིན་པར་བརྟེན། རྒྱ་ནག་གི་ཅ་ལག་ཉོ་ཚོང་བཀག་སྡོམ་མཚམས་འཇོག་ངེས་པར་བྱེད་གལ་ཆེ་བའི་སྐོར་གཏམ་བཤད་བྱས་འདུག་ལ། དེ་བཞིན་ཁོང་ཚོས་རྒྱ་གར་དམག་མི་ཚེ་སྲོག་ཤོར་བ་རྣམས་ལ་གུས་འདུད་མྱ་ངན་ཞུས་པ་སོགས་དང་ཆབས་ཅིག རྒྱ་ནག་དམར་པོའི་གཞུང་གི་སྐར་ལྔའི་དར་དམར་གྱི་རྒྱལ་དར་མེར་བསྲེགས་བཏང་པ་སོགས་བྱས་འདུག
། རྒྱ་གར་ལས་འགུལ་པ་པྲཱམ་སགྷར་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་ས་པ་ཙམ་དུ་མ་ཟད། རྒྱལ་ཁབ་མང་པོ་ལ་ཧམ་ཤེད་བརྙད་བསྐོས་ཀྱི་སྲིད་བྱུས་བཟུང་བཞིན་ཡོད་པས། རྒྱ་གར་གྱིས་ཡོངས་གྲགས་ཀྱི་ཐོག་ནས་བོད་ནི་རྒྱ་ནག་གི་ཆ་ཤས་མིན་པར་རྒྱ་ནག་གིས་བཙན་བཟུང་བྱས་པ་ཞིག་ཡིན་པ་གསལ་པོར་བརྗོད་དགོས་པ་དང་འབྲེལ། ང་ཚོས་བོད་རང་དབང་དང་ས་མཚམས་ཀྱི་དཀའ་རྙོག་སེལ་རྒྱཧུ་བཅས་ཀྱི་ཐོག་འཐབ་རྩོད་བྱ་དགོས་པ་བརྗོད་ཡོད་པ་རེད།
ལས་འགུལ་བ་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ལས་འགུལ་འདི་བརྒྱུད་སྐད་འབོད་དུ་འཛོམས་པ་ཚང་མས་རྒྱ་ནག་གི་ཅ་ལག་མི་ཉོ་རྒྱུ་དང་ཡོད་པ་རྣམས་གཙང་བཟོ་བྱེད་རྒྱུའི་མོས་མཐུན་བྱུང་བ་འགྲེལ་བརྗོད་གནང་སོང་།
བོད་མི་དང་རྒྱ་གར་ཡུལ་མི་མཉམ་རུབ་ཀྱི་ལས་འགུལ་འདིའི་ནང་ས་གནས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་དང་། རྒྱ་གར་ཡུལ་མི་ཚོང་ཁང་དང་ཟ་ཁང་སྐྱིད་སྡུག གླ་གཏོང་རླངས་འཁོར་ཁ་ལོ་བའི་སྐྱིད་སྡུག་སོགས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།