རང་ལུས་མེ་བསྲེགས་སྐོར་གྱི་དཔེ་དེབ།
2013.10.17

ཚེ་རིང་འོད་ཟེར་ལགས་ཀྱིས་བོད་མིས་རང་ལུས་མེ་བསྲེག་བཏང་བའི་གནད་དོན་དང་འབྲེལ་བའི་རྩོམ་བྲིས་དཔེ་དེབ་དེ་France སྐད་ཡིག་ནང་ཕབ་བསྒྱུར་གྱིས་Paris ནང་འགྲེམས་སྤེལ་གནང་ཡོད་འདུག
དེ་ཡང་France སྐད་ཡིག་ཐོག་གི་དཔེ་དེབ་དེ་ཟླ་འདིའི་ཚེས་༡༧ རེས་གཟའ་ཕུར་བུའི་ཉིན་France རྒྱལ་ས་Paris ནང་འགྲེམས་སྤེལ་གནང་ཡོད་པ་དང་། པེ་ཅིང་དུ་བཞུགས་པའི་ཚེ་རིང་འོད་ཟེར་ལགས་ཀྱིས་བརྩམས་གནང་བའི་ཕྱག་དེབ་དེའི་མིང་ལ་བོད་ནང་རང་ལུས་མེ་བསྲེག་བཏང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་མ་གནང་བ་ནི་རྒྱལ་སྤྱིའི་མཚན་ཤས་རེད་ཅེས་བྲིས་གནང་ཡོད་པ་དང། དེབ་དེ་ཇུས་བཀོད་གནང་མཁན་རྒྱ་ནག་གི་དམངས་གཙོ་དོན་གཉེན་ཅན་Ai Wei Wei ཡིན་པ་རེད། ཁོང་གིས་བརྗོད་དོན། འཛམ་གླིང་ནང་དཀའ་སྡུག་མྱོང་བཞིན་པའི་མི་དམངས་ནས་ཟས་བཅད་ངོ་རྒོལ་བྱེད་པ་དེ་ཚོར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་བྱེད་ཀྱི་ཡོད་ནའང་། བོད་ནང་དུ་རང་ལུས་མེ་བསྲེག་བཏང་སྟེ་ངོ་རྒོལ་བྱེད་པའི་གནས་སྟངས་ལ་དོ་སྣང་མ་གནང་བའི་བྱ་སྤྱོད་དེ་ཚོ་ནི་མི་མང་པོའི་བསམ་ཚུལ་ལས་འདས་པའི་སྤྱོད་ཚུལ་ཞིག་ཡིན་ཞིང། བོད་ནང་དུ་རང་ལུས་མེ་བསྲེག་བཏང་བ་དེ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་མི་བཟོད་པར་འུ་ཐུག་ཐབས་ཟད་ཀྱིས། རང་གི་གཅེས་པའི་ལུས་སྲོག་བློས་གཏོང་བྱས་ཏེ་གཞན་ལ་འཚེ་བ་མེད་པའི་ཐོག་ནས་སྤེལ་བའི་ཞི་བའི་ངོ་རྒོལ་ལས་འགུལ་ཡིན་པ་ར་སྤྲོད་གནང་ཡོད་པ་རེད།