རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲའང་གི་སྐོར།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲན་ཀོང་ཁྲའང་ལ་བཙོན་འཇུག་ལོ་བཞིའི་ལོ་ཚད་གཙང་ནས་ཚེས་༩ཉིན་གློད་བཀྲོལ་གཏོང་འཆར།

2010.09.08

༄༅༎མིག་གཉིས་ལོང་བ་ཡིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲན་ཀོང་ཁྲའང་གིས་རྒྱ་ནག་གི་འཆར་ལྡན་འབུ་བཙའི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་གཞུང་གིས་བཙོན་འཇུག་ལོ་བཞིའི་ལོ་ཚད་བཟོས་ནས་ ད་རེས་ཕྱི་ཟླ་དགུ་པའི་ཚེས་༩ཉིན་བཙོན་འཇུག་དུས་བཀག་གཙང་གི་ཡོད་པ་དང་ ཁོང་གི་བཟའ་ཟླ་ཡོན་འོད་ཅིང་གིས་ད་ལྟའི་ཆར་གཞུང་གིས་ གྲན་ཀོང་ཁྲའང་གློད་བཀྲོལ་གཏོང་རྒྱུ་སོགས་ཀྱི་བརྡ་ལན་གང་ཡང་འབྱོར་མ་བྱུང་བ་དང་ ཡིན་ནའི་ཁོང་བཙོན་དུས་གཙང་བའི་ཉིན་ བཙོན་ཁང་གི་སྒོ་འགྲམ་དུ་གྲན་གློད་བཀྲོལ་ཡོང་རྒྱུར་སྒུག་པར་སྐྱོད་རྒྱུ་ཡིན་པ་གསར་འགོད་པར་འགྲེལ་བརྗོད་གནང་འདུག

རྒྱ་ནག་གཞུང་གིས་རྒྱ་ནག་ནང་འཆར་ལྡན་འབུ་བཙའི་སྲིད་བྱུས་ཞེས་པ་དེ་འཛིན་ནས་བཟའ་ཚང་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་འོག་ བེུད་མང་པོའི་མངལ་ནས་ཕྲུ་གུ་གཞུང་གིས་འབྲེལ་ཡོད་ལས་ཀ་བྱེད་མཁན་ཚོས་བཙན་དབང་གིས་བཏོན་གྱི་ཡོད་པ་དང་ གྲན་ཀོང་ཁྲའང་གིས་ཁོང་གནས་སྡོད་བྱེད་སའི་ས་ཁུལ་ནང་བེུད་བདུན་སྟོང་ལྷག་ཙམ་ལ་ཕྲུ་གུ་མངལ་ལས་བཙན་དབང་གིས་བཏོན་པའི་གནས་སྟངས་ཕྱིར་བཏོན་བྱས་པ་དང་འབྲེལ་ ས་གནས་ཞིང་པ་ཚོར་ཁྲིམས་ཐོག་གི་རོགས་རམ་བྱས་པའི་རྐྱེན་གྱིས་ རྒྱ་ནག་གི་འཆར་ལྡན་འབུ་བཙའི་སྲིད་བྱུས་ལ་འགོག་རྐྱེན་བཟོས་པ་དང་ མི་མང་པོ་འདུ་སྐོང་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་ཚབས་བཟོས་པའི་ཉེས་བཙུགས་བྱས་ཏེ་བཙོན་འཇུག་ལོ་བཞིའི་ལོ་ཚད་བཟོས་ནས་ ད་རེས་གཟའ་ཕུར་བུའི་ཉིན་བཙོན་འཇུག་དུས་བཀག་གཙང་གི་ཡོད་པ་རེད་  ཕེ་རན་སི་གསར་འགྱུར་ལས་ཁང་གི་གསར་འགོད་པས་ གྲན་ཀོང་ཁྲའང་བཙོན་འཇུག་བྱེད་སའི་ལིན་ཡིའི་ཞེས་པའི་བཙོན་ཁང་གི་འབྲེལ་ཡོད་པར་ཁ་པར་བརྒྱུད་ གྲན་ཀོང་ཁྲའང་ཕྱི་ཚེས་༩ཉིན་བཙོན་དུས་ཚང་བར་བརྟེན་གློད་བཀྲོལ་བྱེད་མིན་སྐད་ཆ་དྲིས་པར་ བཙོན་ཁང་གི་མི་སྣ་དེས་གནད་དོན་དེའི་ཐོག་ལན་འདེབས་བྱེད་ཡས་མེད་ལུགས་བཤད་ཡོད་པ་རེད་ གྲན་ཀོང་ཁྲའང་གི་ཁྲིམས་རྩོད་པ་ཅང་ཐན་ཡུང་གིས་གྲན་ཀོང་ཁྲའང་བཙོན་འཇུག་བྱེད་པའི་སྐབས་ཀྱི་ཁྲིམས་ཐག་ལོ་ཚད་བཞིན་བཙོན་འཇུག་དུས་བཀག་གཙང་ཟིན་པར་བརྟེན་ ཕྱི་ཚེས་༩ཉིན་ཁོང་གློད་བཀྲོལ་གཏོང་དགོས་ཀྱི་རེད་ཅེས་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎