རྒྱ་ནག་ནང་རྡོ་ཟོལ་གྱི་གཏེར་ཁ་ཞིག་གས་ཐོར་གྱི་དོན་རྐྱེན་སྐོར།

རྒྱ་ནག་ནང་རྡོ་ཟོལ་གྱི་གཏེར་ཁ་ཞིག་གས་ཐོར་གྱི་དོན་རྐྱེན་ནང་ལས་མི་བདུན་ཅུ་དོན་གསུམ་རྐྱེན་ལམ་དུ་ཕྱིན་པ་དང་མང་པོ་ཞིག་ས་འོག་ཚུད་ཡོད་པ།

2009.02.22

རྒྱ་ནག་ནང་རྡོ་ཟོལ་གྱི་གཏེར་ཁ་ཞིག་གས་ཐོར་གྱི་དོན་རྐྱེན་ནང་ལས་མི་བདུན་ཅུ་དོན་གསུམ་རྐྱེན་ལམ་དུ་ཕྱིན་པ་དང་དེ་མིན་དྲུག་ཅུ་རེ་ལྔ་ས་འོག་ཚུད་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་ཉི་མའི་ཉིན་ཤན་ཤི་ཞིང་ཆེན་གྱི་ཐའེ་ཡོན་གྲོང་ཁྱེར་ཉེ་འགྲམ་གྱི་ཐུན་ལན་རྡོ་ཟོལ་གྱི་བཟོ་གྲྭ་གས་ཐོར་གྱི་དོན་རྐྱེན་ནང་ལས་མི་བདུན་ཅུ་དོན་གསུམ་གྱི་ཚེ་སྲོག་ཤོར་ཡོད་པ་མ་ཟད་དྲུག་ཅུ་རེ་ལྔ་ད་དུང་ས་འོག་ཚུད་ཡོད་པ་དང་དེ་མིན་བརྒྱ་དང་བཅུ་དྲུག་སྨན་ཁང་དུ་ཡོད་པ་དང་དེའི་ཁོངས་ནས་ཉི་ཤུ་རྩ་གཅིག་ཛ་དྲག་གི་གནས་སྟངས་འོག་ཡོད་ལུགས་གཞུང་འབྲེལ་ཤིང་ཧཱ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

བཀྲ་མ་ཤིས་པའི་རྐྱེན་ངན་དེ་བཞིན་རྡོ་ཟོལ་གྱི་གཏེར་ལས་ཀྱི་ཉེན་སྲུང་སྐོར་ཚོགས་ཆེན་ཐོག་མ་ཞིག་གནང་བའི་ཉིན་གཅིག་གི་རྗེས་སུ་བྱུང་ཡོད་འདུག སྤྱིར་སྟངས་རྒྱ་ནག་གི་རྡོ་ཟོལ་གྱི་གཏེར་ལས་སྲུང་སྐྱོབ་ཀྱི་གནས་སྟངས་རྒྱ་ནག་འཛམ་གླིང་ནང་སྡུག་ཤོས་ཡིན་པ་ཡོངས་གྲགས་རེད། དཔེར་ན་ཕྱི་ལོ་ཉིས་སྟོང་བདུན་ལོར་རྡོ་ཟོལ་གྱི་ལས་མི་༣༧༨༦དང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་༢༦༩༠རྐྱེན་ལམ་དུ་ཕྱིན་ཡོད་རེད། རེས་གཟའ་ཉི་མའི་རྐྱེན་ངན་བྱུང་ས་ནས་ལོ་རེར་ལྕགས་རིགས་ཊོན་ས་ཡ་ལྔ་ཙམ་ཐོན་གྱི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎