༸གོང་ས་མཆོག་ནས་མེལ་སྦོན་དུ་མི་མང་༥༥༠༠ལ་གསུང་བཤད།

༸གོང་ས་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་བོན་གྱི་ཚོགས་ཆེན་ལྟེ་གནས་ཁང་ནང་མི་གྲངས་༥༥༠༠ལྷག་ལ་གསུང་བཤད་བསྩལ་བ།

2011.06.12

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཟླ་བ་འདིའི་ཚེས་ ༡༡ ཉིན། ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་བོན་གྱི་ཚོགས་ཆེན་ལྟེ་གནས་ཁང་ནང་། མི་གྲངས་ ༥༥༠༠ ལྷག་ལ་གསུང་བཤད་བསྩལ་གནང་བ་དང་འབྲེལ། གསུང་བཤད་ཉན་མཁན་ཁག་ཅིག་གིས་གནད་དོན་བྱེ་བྲག་གི་ཐད་ལ་བཀའ་འདྲི་ཞུས་པར་བཀའ་ལན་བསྩལ་གནང་ཡོད་པ་རེད།

དེ་ཡང་༸གོང་ས་མཆོག་གི་གསུང་བཤད་མཛད་རིམ་གོ་སྒྲིག་ཞུ་མཁན་གསར་འགོད་པ་ཆའར་ལི་པི་ཀ་རིང་གིས། འཛམ་གླིང་གི་བར་སྣང་མཁའ་དབྱིངས་ནང་། དུ་བ་དང་རྫས་ངན་འཕེན་ཏེ་གནམ་གཤིས་འགྱུར་ལྡོག་འགྲོ་བའི་ཐོག་སྟངས་འཛིན་བྱ་རྒྱུར་ཨོ་སི་ཀྲོ་ལི་ཡའི་གཞུང་དང་། མི་མང་གིས་འགན་འཁུར་ལེན་དགོས་ཀྱི་ཡོད་དམ་ཞེས་ཞུས་པའི་བཀའ་ལན་དུ། ཨོ་སོ་ཀྲོ་ལི་ཡ་ཡང་འཛམ་གླིང་འདིའི་ཆ་ཤས་རེད། བྱས་ཙང་ཨོ་སོི་ཀྲོ་ལི་ཡའི་ངོས་ནས་ འཛམ་གླིང་གི་རྩ་དོན་སེམས་ནང་འཇོག་དགོས་ཀྱི་རེད་ཅེས། ༸གོང་ས་མཆོག་གིས་བཀའ་ལན་གནང་འདུག སྐབས་དེར་འཛམ་གླིང་གི་དཔལ་འབྱོར་དཀའ་ངལ་སེལ་ཐབས་དང་། བདེ་སྐྱིད་འཚོལ་སྟངས་སོགས་ཀྱི་སྐོར་ལའང་། མི་མང་གི་ཁྲོད་ནས་བཀའ་འདྲི་ཞུས་པར་། ༸གོང་ས་མཆོག་གིས་བཀའ་ལན་གནང་ཡོད་པ་དང༌། ཐུགས་དགྱེས་འཚོར་ཆེན་པོའི་ཐོག་ནས་བོད་ཀྱི་ཆབ་སྲིད་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རིམ་པས་རྩིས་སྤྲོད་གནང་རྒྱུའི་ཐུགས་ཐག་བཅད་གནང་བའི་སྐོར་ལའང་གསལ་བཤད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎