ན་གཞོན་ཚོས་འབྲུག་ཡུལ་རང་བཙན་གྱི་རིན་ཐང་ཤེས་དགོས།


2015.09.08
འབྲུག་གི་སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག་གིས་སློབ་པ་མཐར་སོན་པའི་སློབ་ཕྲུག་རྣམས་ལ་གཏམ་བཤད་གནང་བཞིན་པ། ༢༠༡༥།༩།༧ འབྲུག་གི་སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག་གིས་སློབ་པ་མཐར་སོན་པའི་སློབ་ཕྲུག་རྣམས་ལ་གཏམ་བཤད་གནང་བཞིན་པ། ༢༠༡༥།༩།༧
དྲ་བཤུས། @kuensel

འབྲུག་ཡུལ་གྱི་སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག་གིས་འབྲུག་ཡུལ་དེ་བཞིན་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་གཏམ་བཤད་གནང་བ།   
དེ་ཡང་ཚེས༧ཉིན་ཀུན་གསལ་ཞེས་པའི་འབྲུག་ཡུལ་གྱི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། སློབ་པ་མཐར་སོན་པའི་འབྲུག་རྒྱལ་ཡོངས་སློབ་ཕྲུག་གི་ཟབ་སྦྱོང་མཇུག་སྒྲིལ་བའི་ཉིན་མཐའ་མར་སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག་ནས། སློབ་པ་མཐར་སོན་པའི་སློབ་ཕྲུག་རྣམས་ཀྱིས་བསམ་ཚུལ་ཁག་གསན་པའི་རྗེས་སུ་འབྲུག་ཡུལ་གྱི་མ་འོངས་པའི་དམིགས་ཡུལ་སྐོར་བཀའ་སློབ་གནང་བ་མ་ཟད། དེང་སྐབས་རྒྱ་ནག་དང་འབྲུག་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་ཡོད་བཞིན་པའི་སྐོར་ནས་འབྲུག་ཡུལ་དེ་བཞིན་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། འབྲུག་པའི་ན་གཞོན་ཚོས་ཡུལ་དེ་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་རིན་ཐང་ངེས་པར་དུ་ཤེས་དགོས་པ་དང་། འབྲུག་ཡུལ་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་དེ་རང་བཞིན་གྱིས་བྱུང་བ་ཞིག་མ་ཡིན་པར་ཡུལ་དེའི་མེས་པོ་རྣམས་དང་། འབྲུག་རྒྱལ་པོ་རྣམས་ཀྱིས་སྐུ་ལས་བསྐྱོན་པའི་བཀྲིན་ལ་བརྟེན་ནས་བྱུང་སྟབས་ཁོང་རྣམས་པའི་བཀྲིན་རྗེས་དྲན་ཞུ་དགོས་པའི་བཀའ་སློབ་གནང་འདུག
ཡང་ཁོང་ནས་འབྲུག་གི་མང་གཙོའི་ལམ་ལུགས་དེ་ཡང་འབྲུག་རྒྱལ་མཆོག་གིས་མི་མང་ལ་ཕྱག་རྟགས་གནང་བ་ཞིག་ཡིན་སྟབས་འབྲུག་ཡུལ་གི་ཐུན་མོང་མ་ཡིན་པའི་མང་གཙོའི་ལམ་ལུགས་སྲུང་སྐྱོབ་གནང་སྟེ་འབྲུག་གི་རང་བཙན་སྲུང་སྐྱོབ་བྱེད་དགོས་པའི་ལས་འགན་ཡུལ་དེའི་གཞོན་སྐྱེས་ཚོར་ཡོད་སྐོར་གསུངས་འདུག
སྲིད་བློན་མཆོག་ནས་ད་དུང་འབྲུག་རྒྱལ་རྣམས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་འབྲེལ་ལམ་དམ་ཟབ་གཏོང་ཐབས་ཀྱིས་འབད་བརྩོན་ཆེན་པོ་གནང་སྟབས་ཡུལ་གྲུ་གཉིས་དབར་འབྲེལ་ལམ་བཟང་པོ་ཡོད་པ་དང་། ཡུལ་གྲུ་འདི་གཉིས་ནང་ཤེས་ཡོན་དང་འཕྲོད་བསྟེན་ལ་རིན་སྤྲོད་མི་དགོས་པའི་ཐོག་ནས་ཐོབ་ཀྱི་ཡོད་སྐོར་སོགས་བཀའ་སློབ་གནང་འདུག
གོང་ཞུས་ཟབ་སྦྱོང་ནང་བསླབ་པ་མཐར་སོན་པའི་སློབ་ཕྲུག་༢༧༠༠་ལྷག་མཉམ་ཞུགས་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎