རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་༧གོང་ས་མཆོག་ལ་ཕུལ་འོས་བའི་རྩོམ་ཡིག་སྤེལ་འདུག


2019.04.15
རྒྱ་གར་གྱི་ནོར་བུའམ་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་(Bharat Ratna) རྒྱ་གར་གྱི་ནོར་བུའམ་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་(Bharat Ratna)
དྲ་བཤུས།

རྒྱ་གར་གྱི་(West Bengal)མངའ་སྡེའི་སྲིད་སྐྱོང་ཟུར་པས་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཞི་བའི་གཟེངས་རྟགས་མཐོ་ཤོས་(Bharat Ratna)ཞེས་པ་དེ་ཕུལ་རྒྱུའི་འབོད་སྐུལ་ལ་བྷེ་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་རྒྱབ་སྐྱོར་གནང་འདུག
དེ་ཡང་(West Bengal)མངའ་སྡེའི་སྲིད་སྐྱོང་ཟུར་པ་སྐུ་ཞབས་(Gopalkrishna Gandhi)ཡིས་གཟའ་སྤེན་པའི་ཉིན་ཧིན་རྡུའི་ཉིན་རེའི་ཚགས་ཤོག་ཐོག ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི། རྒྱ་གར་ལ་དགོས་ངེས་ཆེན་པོ་རེད་ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་ཞིག་སྤེལ་ཡོད་པ་དེར་རྒྱ་གར་བྷེ་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Nitish Kumar) མཆོག་གིས་མོས་མཐུན་དང་རྒྱབ་སྐྱོར་ཡོད་ཅེས་གཟའ་ཉི་མའི་ཉིན(twitter)དྲ་ལམ་ནས་སྤེལ་ཡོད་པ་དང་། སྲིད་སྐྱོང་ཟུར་པ་(Gopalkrishna Gandhi)ཡིས་སྤེལ་གནང་བའི་རྩོམ་ཡིག་དེའི་ནང་ད་ལྟའི་སྐབས་ཀྱི་རྒྱ་གར་གཞུང་དང་དེ་སྔོན་གྱི་རྒྱ་གར་དབུས་གཞུང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་བའི་གནད་དོན་ཐོག་རྒྱ་ནག་ནས་ཚུར་སྣང་ལན་འཆར་ག་རེ་བཏོན་ཡོང་བསམ་པའི་་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་པ་རེད། ངའི་བསམ་པར་རྒྱ་གར་གཞུང་གིས་བོད་དང་འབྲེལ་བའི་གནད་དོན་ཐོག་དོགས་ཟོན་བྱེད་ཡག་དེ་དགོས་མེད་ཞིག་ཡིན་ཞིང་། ང་ཚོས་བོད་ཀྱི་རིག་གཞུང་དར་འཕེལ་གང་ལེགས་ཡོང་བའི་རེ་བ་བྱེད་བཞིན་ཡོད་ནའང་།   རྒྱ་གར་གྱིས་བོད་དེ་བཞིན་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་བྱས་ཟིན་པའི་ཁར་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་ཆོས་དང།  རིག་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུད་འཛིན་གནང་གི་ཡོད་པ་ལས་བོད་རྒྱ་ནག་ནས་ཁ་བྲལ་ཐབས་གནང་གི་མེད་པར་བརྟེན། ང་ཚོ་རྒྱ་གར་གཞུང་གིས་ཏཱ་ལའི་བླ་མ་མཆོག་ལ་ཞི་བའི་གཟེངས་རྟགས་མཐོ་ཤོས་(Bharat Ratna)ག་རེ་བྱས་ནས་ཕུལ་གྱི་ཡོད་བ་མ་རེད། ང་ཚོས་དེ་སྔོན་གཟེངས་རྟགས་དེ་(Khan Abdul Ghaffar khan) དང་། (Nelson Mandela) (Mother Teresa)སོགས་ལ་དགའ་པོའི་ངང་ནས་ཕུལ་ཡོད་པས། ༧གོང་ས་ཏཱ་ལའི་བླ་མའི་བླ་མ་མཆོག་ལ་གཟེངས་རྟགས་དེ་ཕུལ་མི་དགོས་པའི་རྒྱུ་མཚན་མཐོང་གི་མི་འདུག། ༧གོང་ས་མཆོག་ལ་གཟེངས་རྟགས་དེ་ཕུལ་མ་ཐུབ་ཚེ་དེ་ནི་ང་ཚོའི་གྱོང་གུན་རེད་མ་གཏོགས་༧གོང་ས་མཆོག་ལ་སྐུ་གྱོང་མེད་པ་རེད་སོགས་ཚིག་བརྗོད་རྣོ་པོའི་ཐོག་ནས་རྩོམ་ཡིག་སྤེལ་ཡོད་པ་རེད།
སྐུ་ཞབས་(Gopalkrishna Gandhi)མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་༧གོང་ས་མཆོག་སྐུ་གཟུགས་དྭངས་སྐྱེད་མགྱོགས་མྱུར་ཡོང་བའི་སྨོན་འདུན་ཡོད་ཅེས་གསུང་གི་འདུག
སྐུ་ཞབས་(Gopalkrishna Gandhiམཆོག་ནི་རྒྱ་གར་གྱི་མེས་པོ་དམ་པ་(Mahatma Gandhi)ཡི་ཚ་བོ་ཡིན་ཞིང་། ཁོང་གིས་ཕྱི་ལོ་༢༠༠༤ནས་༢༠༠༩བར་(West Bengal)མངའ་སྡེའི་སྲིད་སྐྱོང་གི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། ཁོང་གི་འབོད་སྐུལ་དེར་རྒྱབ་སྐྱོར་གནང་མཁན་བྷེ་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Nitish Kumar) མཆོག་གིས་(twitter)དྲ་རྒྱའི་ཐོག་ཞི་བདེ་དང་སྤུན་ཟླ་འཆམ་མཐུན་སོགས་ཀྱི་གཞི་རྩ་ནི།  རྒྱ་གར་དེ་བཞིན་འཛམ་གླིང་ནང་ནས་རྒྱལ་ཁབ་མི་འདྲ་བ་ཞིག་ཆགས་ཡོད་ཅིང་། དེའི་ཐད་༧གོང་ས་མཆོག་གི་ཐུགས་དགོངས་དང་བཀའ་སློབ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་སོགས་བྲིས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎