བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་བྱུང་པར། བྷན་རྡ་ར་ནོར་རྒྱས་གླིང་དུ་རྟེན་འབྲེལ་ཞུས་འདུག

2024.07.20
བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་བྱུང་པར། བྷན་རྡ་ར་ནོར་རྒྱས་གླིང་དུ་རྟེན་འབྲེལ་ཞུས་འདུག
tibet.net

ཕྱི་ཟླ་ ༧ ཚེས་ ༡༢ ཉིན་ཨ་མི་རི་ཀའི་སྲིད་འཛིན་ Joe Biden མཆོག་གིས་བོད་རྒྱའི་རྩོད་རྙོག་སེལ་རྒྱུར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེར་མཚན་རྟགས་བཀོད་ནས་ཁྲིམས་ཡིག་ཏུ་གྱུར་བར་རྒྱ་གར་དབུས་ཕྱོགས་སུ་ཆགས་པའི་བྷན་རྡ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་རྟེན་འབྲེལ་གྱི་དགའ་སྟོན་མཛད་སྒོ་གནང་འདུག    

དེ་ནི་གཞུང་འབྲེལ་མ་ཡིན་པའི་འགོ་འཁྲིད་རྣམ་པ་དང་གཞིས་ཆགས་ནང་གི་དགོན་ཁག་གི་མཁན་པོ་དང་དགེ་བཤེས། གཞིས་ཆགས་ཀྱི་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་བཅས་ཀྱིས་མཉམ་ཞུགས་གནང་པ་དང་།  ཕྱི་ཚེས་ ༡༢ སྟེ་༸རྒྱལ་བའི་སྐུའི་བླ་ས་འཁེལ་སྟབས་མཛད་སྒོར་ཕེབས་ཞུགས་གནང་མཁན་རྣམས་ཀྱིས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁ་དང་སྐུ་རླུང་དར་འཛུགས་དང་བསང་གསོལ་ཡང་བཏང་ཡོད་པ་རེད་འདུག    སྐབས་དེར་གཞིས་ཆགས་ཀྱི་མི་མང་འཐུས་མིའི་ཚོགས་གཙོ་དང་ས་གནས་འགོ་འཛིན་རྣམ་གཉིས་ཀྱིས་སྐུ་པར་མཐོང་འགྲོལ་རིན་པོ་ཆེར་མཎྜལ་འདེགས་འབུལ་ཞུས་པ་དང་།  མང་ཚོགས་ལ་མཛད་སྒོ་དང་འབྲེལ་བའི་ངོ་སྤྲོད་ཀྱི་གསུང་བཤད་གནང་འདུག    གཞན་ཡང་ཨ་མི་རི་ཀའི་སྲིད་འཛིན་སྦཡེ་ཌན་ (Biden) མཆོག་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེར་མཚན་རྟགས་བཀོད་ནས་ཁྲིམས་ཡིག་ཏུ་གྱུར་བའི་དགའ་སྟོན་གྱི་མཛད་སྒོ་དེ་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་དང་། མོན་གྷོ་འདོད་རྒུ་གླིང། རྒྱ་གར་བྱང་ཕྱོགས་སིམ་ལ། ཀུ་ལུ། པོན་ཊ་ཆོལ་གསུམ་གཞིས་ཆགས། སྦིར།  རྡེ་ར་རྡུན། པུ་རུ་ཝ་ལ། རྒྱ་གར་ཤར་ཕྱོགས་སྒང་ཏོག   ཤི་ལོང་།  བསྟན་འཛིན་སྒང་། ཨའོསི་ཊརེ་ལི་ཡའི་གྲོང་ཁྱེར་སིཌ་ནི་ལ་སོགས་སུ་དགའ་སྟོན་རྟེན་འབྲེལ་གནང་ཡོད་པ་མ་ཟད།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རིན་མིན་ཨ་རིའི་དབུས་ཕྱོགས་མི་ནི་སོ་ཊ་དང་ཀེ་ནེ་དྲའི་ནང་ཡང་རྟེན་འབྲེལ་གྱི་མཛད་སྒོར་དབུ་ཞུགས་གནང་གི་ཡོད་པ་རེད།། 

གསར་འགོད་པ། ལྷན་སྒྲུབ་ཚེ་རིང་།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎