བོད་ཀྱི་ལས་འགུལ་ལོ་སྲུང་བརྩི་ཞུ་རྒྱུའི་རྒྱབ་སྐྱོར་གྱི་ཐག་གཅོད།


2017.02.15
ཨ་རིའི་(California Berkeley)བྷར་ཁེ་ལེ་གྲོང་སྡེ་ལྷན་ཚོགས། ༢༠༡༧།༢།༡༤ ཨ་རིའི་(California Berkeley)བྷར་ཁེ་ལེ་གྲོང་སྡེ་ལྷན་ཚོགས། ༢༠༡༧།༢།༡༤
བཀྲ་ཤིས་དབང་ཕྱུག/RFA

བྷར་ཁེ་ལེ་གྲོང་སྡེ་ལྷན་ཚོགས་ཀྱིས་༢༠༡༧་ལོ་དེ་བཞིན་བོད་ཀྱི་ལས་འགུལ་ལོར་སྲུང་བརྩི་ཞུ་རྒྱུའི་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཨ་མའི་རི་ཀའི་རྒྱལ་ཡོངས་སུ་འཛམ་གླིང་ཆབ་སྲིད་གོ་རྟོགས་ཐེ་བྱུས་ཀྱི་ཐད་ནས་གྲགས་ཆེ་བའི་(California Berkeley)གྲོང་ཁྱེར་ཀྱི་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་དགུ་ཡོད་པའི་ནང་ནས་(Kriss Worthington)ལགས་ཀྱིས་སྤྱི་ཟླ་༢་པའི་ཚེས་༡༤་དགོང་མོར་གྲོང་སྡེའི་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག ༢༠༡༧་ལོའི་བོད་མིའི་སྒེར་ལངས་དེ་བཞིན་རིང་མིན་སླེབས་ལ་ཉེ་བར་ལྟར། བོད་མི་རྣམས་བཙན་བྱོལ་དུ་འགྲོ་དགོས་བྱུང་ནས་མི་ལོ་༥༨་སོང་པའི་མཚམས་སུ་ལོ་འདི་བོད་ཀྱི་ལས་འགུལ་ལོར་སྲུང་བརྩི་ཞུ་རྒྱུའི་བོད་དོན་ཐག་གཅོད་ལ་རྒྱབ་སྐྱོར་དང་སྦྲགས། Berkeley་གྲོང་ཁྱེར་ཀྱི་ངོས་ནས་གསུམ་བཅུའི་དུས་དྲན་ཉིན་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་ཁང་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་བོད་མིའི་རྩ་དོན་ལ་རྒྱབ་སྐྱོར་ཞུ་རྒྱུའི་གྲོས་ཆོད་གྲོས་འཆར་ཞིག་གྲོང་སྡེ་ལྷན་ཚོགས་སུ་ཕུལ་བ་ལྟར་སྤྱི་མོས་ཀྱི་ཐོག་ནས་རྒྱབ་གཉེར་གཏན་འབེབས་གནང་ཡོད་འདུག
འདི་གའི་གསར་འགོད་པས་Berkeley་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་(Kriss Worthington)་ལགས་སུ་བཅར་འདྲི་ཞུས་པའི་སྐབས། ཁོང་གིས་གོང་ཞུས་དེ་ལྟར་བོད་དོན་ལ་རྒྱབ་སྐྱོར་གནང་དོན་དེ་ནི་བོད་ནང་གི་ཁོར་ཡུག་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་ཉེ་བའི་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་དང་བཀའ་ཆོས་ཞུ་བ་ཡོང་མཁན་གྱི་བོད་མི་རྣམས་ལ་དཀའ་སྡུག་དང་ཉེན་ཁ་ཆགས་པ་སོགས་ཀྱི་བོད་ནང་གི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་རེད། དམིགས་བསལ་བོད་ནང་གི་ཁོར་ཡུག་གནས་སྟངས་སྐྱོ་རུ་འགྲོ་བཞིན་པ་དེ་བོད་མི་དང་། འཛམ་གླིང་སྤྱི་ལ་སེམས་འཚབ་དགོས་པའི་གནད་དོན་ཞིག་རེད་ཅེས་བརྗོད་འདུག
གོང་ཞུས་སྤྱི་མོས་ཀྱི་ཐོིག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་པའི་གྲོས་ཆོད་གཏན་འབེབས་གནང་བའི་ནང་དུ། རྒྱ་ནག་གཞུང་གིས་བོད་མི་ཞི་རྒོལ་བའི་ཐོག་དྲག་གནོན་བྱེད་མཚམས་འཇོག་དགོས་པ་དང་། གསེར་རྟ་བླ་རུང་སྒར་གྱི་དགེ་བཙུན་རྣམ་པའི་གྲྭ་ཤག་གཏོར་བཤིག་སོགས་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎