རྒྱ་ནག་གཞུང་གིས་དྲ་ཚིག་སྤྱོད་མཁན་ལ་དམ་བསྒྲགས།

དྲ་ཚིག་དོ་རའི་ནང་རང་ཉིད་ཀྱི་བསམ་ཚུལ་བཤད་དགོས་ཚེ་ངེས་པར་དུ་རང་ཉིད་ཀྱི་མིང་དངོས་ཐོ་བཀོད་བྱས་དགོས་རྒྱུའི་ཕྱིར་བསྒྲགས།

2011.12.16

༄༅༎རྒྱ་ནག་པེ་ཅིན་གྲོང་ཁྱེར་གཞུང་གིས་Microblog འམ་རྒྱ་སྐད་དུ་ལྦའེ་བོ་(weibo)ཞེས་པའི་སྒེར་གྱི་བེད་སྤྱོད་བྱེད་སའི་དྲ་ཚིག་དོ་རའི་ནང་རང་ཉིད་ཀྱི་བསམ་ཚུལ་བཤད་དགོས་ཚེ་ངེས་པར་དུ་རང་ཉིད་ཀྱི་མིང་དངོས་ཐོ་བཀོད་བྱས་ནས་བསམ་ཚུལ་བྲིས་དགོས་རྒྱུའི་གཏན་འབེབས་གསར་པ་ཕྱིར་བསྒྲགས་བྱས་ཡོད་འདུག 
པེ་ཅིན་གྲོང་ཁྱེར་གྱིས་ཕྱིར་བསྒྲགས་བྱས་པའི་གཏན་འབེབས་གསར་པ་དེའི་ནང་དྲ་ཚིག་དོ་རའི་ནང་འཛུལ་བ་ལས་བསམ་ཚུལ་མ་བརྗོད་ཚེ་ རང་གི་མིང་དངོས་བེད་སྤྱོད་གཏོང་དགོས་མིན་གྱི་ཚད་བཀག་ཁ་གསལ་འཁོད་མེད་པ་དང་ པེ་ཅིན་གྲོང་ཁྱེར་གྱི་Microblogདྲ་རྒྱའི་ཞབས་ཞུ་ཚན་པས་ ཟླ་བ་གསུམ་གྱི་ནང་ཚུད་འབྲེལ་ཡོད་གཏན་འབེབས་གསར་པའི་འགྲོ་ལུགས་གཉེར་ཟིན་པ་བྱ་རྒྱུ་དང་འབྲེལ་ད་ཡོད་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཚོར་གོམས་སྲོལ་ཚད་ལྡན་བཟོ་རྒྱུ་ཡིན་ལུགས་པེ་ཅིན་གྲོང་ཁྱེར་གཞུང་གི་དཔོན་རིགས་ནས་དེ་རིང་འགྲེལ་བརྗོད་བྱས་འདུག  
རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་བའི་ནང་པེ་ཅིན་གྲོང་ཁྱེར་གྱིས་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཚོར་གསར་དུ་བཏོན་པའི་གཏན་འབེབས་དེ་རིགས་ཧྲང་ཧད་དང་གོང་ཀྲའུ་ས་གནས་གཞུང་གིས་ཀྱང་ལག་བསྟར་བྱ་རྒྱུ་ཡིན་ལུགས་འཁོད་ཡོད་པ་རེད་   རྒྱ་ནག་ནང་ད་ལྟའི་ཆར་Microblog བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་གསུམ་ལྷག་ཙམ་ཡོད་པ་དང་ མི་མང་པོས་དྲ་ཚིག་དེ་བེད་སྤྱད་ནས་རྒྱ་ནག་གཞུང་གིས་བརྗོད་པའི་ཚོར་བ་རྣོ་བའི་གནས་ཚུལ་རིགས་གླེང་སློང་བྱེད་ཀྱི་ཡོད་ཀྱང་ དེའི་ཐོག་མིང་གང་བྱུང་བེད་སྤྱོད་བྱས་ནས་རྒྱ་ནག་གཞུང་གིས་སྟངས་འཛིན་ཐུབ་རྒྱུར་དཀའ་ངལ་བཟོ་གི་ཡོད་པར་བརྟེན་ ད་རེས་པེ་ཅིན་གཞུང་གིས་Microblogབེད་སྤྱོད་བྱེད་མཁན་ཚོར་རང་མིང་དངོས་ཐོ་བཀོད་བྱ་རྒྱུའི་གཏན་འབེབས་གསར་པ་བཟོས་པ་ཞིག་ཡིན་པར་མི་རྣམས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎