མགྲོན་བདག་བྱེད་རྒྱུར་རྒྱ་ནག་གིས་ཁས་ལེན་མང་པོ་བྱས་འདུག


2015.03.27
རྒྱ་ནག་གིས་༢༠༠༨ལོར་རྒྱལ་སྤྱིའི་ཨོ་རྩལ་རྕེད་འགྲན་གྱི་མགྲོན་བདག་བྱས་པར་ངོ་རྒོལ་བྱེད་བཞིན་པ། རྒྱ་ནག་གིས་༢༠༠༨ལོར་རྒྱལ་སྤྱིའི་ཨོ་རྩལ་རྕེད་འགྲན་གྱི་མགྲོན་བདག་བྱས་པར་ངོ་རྒོལ་བྱེད་བཞིན་པ།
དྲ་བཤུས

རྒྱལ་སྤྱིའི་དགུན་དུས་ཨོ་ལོམ་པིག་རྩེད་འགྲན་ཆེན་མོ་དེ་བཞིན་རྒྱ་ནག་ནང་འོས་མིན་གྱི་ཞིབ་འཇུག་ལས་དོན་མཇུག་བསྒྲིལ་འདུག
དེ་ཡང་༢༠༢༢ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་ལོམ་པིག་རྩེད་འགྲན་ཆེན་མོ་དེ་བཞིན་རྒྱ་ནག་གིས་གོ་བསྒྲིགས་ཞུ་བར་རྒྱ་ནག་ནང་མཐུན་རྐྱེན་དང་དགོས་མཁོའི་ཆ་རྐྱེན་སོགས་ཚང་མིན་ཐད། ཨོ་ལོམ་པིག་ཚོགས་ཆུང་ནས་རྒྱ་ནག་ནང་ཞིབ་འཇུག་གི་ལས་དོན་མཇུག་བསྒྲིལ་འདུག་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་དགུན་དུས་ཀྱི་རྩེད་འགྲན་གོ་བསྒྲིགས་ཞུ་རྒྱུའི་ཁོར་ཡུག་ཆ་ཚང་བསྐྲུན་ཐུབ་ཀྱི་ཡོད་ལུགས་སོགས་ཁས་ལེན་བྱས་འདུག
རྒྱལ་སྤྱིའི་ཨོ་ལོམ་པིག་གི་འགན་འཛིན་ལྷན་ཚོགས་ནས་༢༠༢༢ ལོའི་དགུན་དུས་ཀྱི་ཨོ་ལོམ་པིག་རྩེད་འགྲན་གོ་བསྒྲིགས་ཀྱི་མགྲོན་བདག་དེ་བཞིན་ནོར་ཝེ་རྒྱལ་ས་Osloདང་། Kazakistanགྱི་གྲོང་ཁྱེར་Almaty རྒྱ་ནག་རྒྱལ་ས་པེ་ཅིན་བཅས་སྔོན་འགྲོའི་མགྲོན་བདག་སུ་བདམས་ཡོད་ཀྱང་། ཕྱིས་སུ་ནོར་ལྦེ་གཞུང་གིས་ཕྱིར་འཐེན་བྱས་རྗེས་ད་ཆ་རྒྱ་ནག་དང་ཁ་ཛག་ཀི་སི་ཐན་གཉིས་ལས་གཅིག་ལ་གོ་སྐབས་ཐོབ་རྒྱུ་ཡིན་པ་རེད། རྩེད་འགྲན་གྱི་མགྲོན་བདག་ཐག་གཅོད་ཀྱི་བརྒྱུད་རིམ་ནང་། དགོས་མཁོ་གཞིར་བཟུང་རྩེད་འགྲན་གོ་བསྒྲིགས་ཞུ་རྒྱུར་ཆ་རྐྱེན་ཚང་མིན་ཐད་ཞིབ་འཇུག་བྱ་སྲོལ་ཡོད་པ་བཞིན་ཚོགས་མི་༡༩ལས་གྲུབ་པའི་ཨོ་ལོམ་པིག་ཚོགས་ཆུང་གི་ཞིབ་འཇུག་སྐུ་ཚབ་རྣམས་ནས་རྒྱལ་ས་པེ་ཅིན་ནང་ཉིན་ལྔའི་རིང་ ཞིབ་འཇུག་གྱི་ལས་དོན་དེ་བཞིན་རེས་གཟའ་པ་སངས་ཉིན་མཇུག་བསྒྲིལ་འདུག ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་རྐྱེན་པས་རྒྱལ་ཁབ་མང་ཆེ་བ་རྒྱ་ནག་ལ་བསྟུན་མཁས་བྱེད་དགོས་ཀྱི་སྟབས་༢༠༢༢ལོའི་དགུན་དུས་ཀྱི་ཨོ་ལོམ་པིག་རྩེད་འགྲན་གྱི་མགྲོན་བདག་རྒྱ་ནག་གི་རྒྱལ་ས་པེ་ཅིན་ལ་གོ་སྐབས་ཐོབ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
ཡིན་ཡང་ཕྱི་ཕྱོགས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་རྐྱེན་པས་རྒྱ་ནག་ལ་དགུན་དུས་རྩེད་འགྲན་གོ་བསྒྲིགས་ཞུ་རྒྱུའི་མགྲོན་བདག་འོས་མཚམས་མེད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད་ལ་ཉེ་སྔོན་དབྱིན་ཡུལ་རྒྱལ་ས་ལོན་ཊོན་ནང་རྟེན་གཞི་བྱས་པའི་Free Tibet Organizationའམ་བོད་རང་དབང་ཚོགས་པ་ཞེས་པའི་སྣེ་འཁྲིད་འོག་བོད་དོན་རྒྱབ་སྐྱོར་ཚོགས་པ་༡༧༥ཡིས་རྒྱལ་སྤྱིའི་ཨོ་ལོམ་པིག་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་མཚན་འཁོད་སྙན་ཐོ་ཞིག་བརྒྱུད་༢༠༠༨ལོར་རྒྱ་ནག་རྒྱལ་ས་པེ་ཅིན་ནང་དབྱར་དུས་ཀྱི་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་ཚོགས་པའི་རྗེས་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་འགྲོ་རྒྱུའི་ཚབ་བོད་ལྟ་བུར་མཚོན་ན། ད་ལྟ་ཡང་གཞུང་ཕྱོགས་ནས་དྲག་པོའི་ཁྲིམས་གཞི་བཀོད་བསྡོམས་བྱས་ཏེ་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་སུན་གཙེར་དང་། དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པའི་གནས་ལུགས་གསལ་འདོན་གནང་པའི་ཐོག་༢༠༢༢ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་གྱི་མགྲོན་བདག་དེ་རྒྱ་ནག་ལ་ཐོབ་ཐང་དང་འོས་བབ་མེད་པའི་སྐོར་སྐུལ་མ་གནང་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎