རྒྱ་ནག་དཔོན་རིགས་ལ་ཉེན་བརྡའི་དཔྱད་བརྗོད།

བོའོ་ཤིའི་ལའེ་ཡི་དོན་རྐྱེན་གྱི་ཐོག་ནས་རྒྱ་ནག་གི་དཔོན་རིགས་ཁྲོད་དབང་ཆ་གང་བྱུང་བེད་སྤྱོད་བྱས་དོན་ཐད་ཉེན་བརྡ་ཞིག་ཡིན་ལུགས།

2012.04.18

༄༅༎རྒྱ་ནག་གཞུང་འབྲེལ་ཚགས་ཤོག་ཐོག་བོའོ་ཤིའི་ལའེ་ཡི་དོན་རྐྱེན་གྱི་ཐོག་ནས་རྒྱ་ནག་གི་དཔོན་རིགས་ཁྲོད་དབང་ཆ་གང་བྱུང་བེད་སྤྱོད་བྱས་དོན་ཐད་ཉེན་བརྡ་ཞིག་ཡིན་ལུགས་དཔྱད་བརྗོད་སྤེལ་ཡོད་འདུག  
དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱི་དབྱིན་ཡིག་ཚགས་ཤོག་ཐོག་དེའི་སྐོར་དཔྱད་བརྗོད་སྤེལ་ཡོད་པའི་ནང་།    ལྦང་གླིས་ཅུན་གྱི་དོན་རྐྱེན་ནི་ཚབས་ཆེའི་ཆབ་སྲིད་ཀྱི་དོན་རྐྱེན་ཞིག་ཡིན་ལུགས་དང་ དེས་རྒྱལ་ཁབ་ཕྱི་ནང་ཚང་མར་ཤུགས་རྐྱེན་ངན་པ་ཞིག་བཟོས་ཡོད་ཅིང་ དེ་བཞིན་བོའོ་ཤིའི་ལའེ་ཡིས་་གྲུང་ཆིང་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་འགན་འཁུར་བའི་སྐབས་ བོའོ་ཤིའི་ལའེ་་ཡི་བཟའ་ཟླ་དང་ཚོང་འབྲེལ་ཡོད་པའི་དབྱིན་ཇིའི་མི་སེར་ནིལ་ཧེ་ལྦུདྲ་འདས་གྲོངས་སུ་ཕྱིན་པའི་དོན་རྐྱེན་དེ་ནི་ཚབས་ཆེའི་ཉེས་དོན་གྱི་གྱོད་གཞི་ཞིག་ཡིན་ལུགས་དང་ གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་ནང་གུང་ཁྲན་ཚོགས་པའི་དཔོན་རིགས་དང་དེའི་ཉེ་འཁོར་གྱི་ལས་བྱེད་ཀྱང་ཡོད་པའི་སྐོར་འཁོད་འདུག་ལ་ བོའོ་ཤིའི་ལའེ་གུང་ཁྲན་ཚོགས་པའི་དཔོན་རིགས་ཤིག་ཡིན་པའི་ཆ་ནས་གུང་ཁྲན་ཚོགས་པའི་སྒྲིག་ཁྲིམས་སྒྲིག་ལམ་དང་ཡོངས་སུ་བརྒྱབ་འགལ་གྱི་ཚབས་ཆེའི་ནོར་འཁྲུལ་ཤོར་ཡོད་པ་དང་དོན་རྐྱེན་དེ་དག་ཐད་བརྟག་དཔྱད་ནན་པོ་བྱ་རྒྱུའི་ཐོག་ནས་རྒྱ་ནག་གུང་ཁྲན་ཚོགས་པས་ཁྲིམས་ལུགས་དང་ཚོགས་པའི་སྒྲིག་ཁྲིམས་སྲུང་སྐྱོབ་ནན་པོ་བྱས་ཏེ་ལྐོག་ཟ་རུལ་སུངས་ཀྱི་བྱེད་མཁན་ཚོར་རྡུང་རྡེག་་གཏོང་རྒྱུའི་ཆོད་སེམས་བརྟན་པོ་མཚོན་ཐུབ་ལུགས་སོགས་འཁོད་ཡོད་འདུག
རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་རྒྱུད་ལམ་གྱི་གོང་ཞུས་དཔྱད་བརྗོད་དེ་བཞིན་དབྱིན་ཇའི་སྲིད་བློན་མཆོག་ནས་དབྱིན་ཇའི་མི་སེར་ཧེ་ལྦུདྲ་ཡི་གྱོད་དོན་སྐོར་དབྱིན་ཇིའི་ནང་འཚམས་གཟིགས་སུ་སླེབས་པའི་རྒྱ་ནག་གི་དཔོན་རིགས་ཚོར་གླེང་སློང་གནང་བའི་སྐོར་ཕྱིར་བསྒྲགས་གནང་བའི་རྗེས་སྤེལ་བ་ཞིག་ཡིན་འདུག  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎