སྐུ་ཞབས་བན་ཁུའུ་མུན་བསྐྱར་དུ་རྒྱལ་ཚོཌ་དྲུང་ཆེར་བདམས།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བན་ཁུའུ་མུན་བསྐྱར་དུ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་འདེམས་ཐོན་བྱུང་བ།

2011.06.22

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བན་ཁུའུ་མུན་མཆོག་བསྐྱར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་འདེམས་ཐོན་བྱུང་བ་གཟའ་མིག་དམར་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱིར་བསྒྲགས་གནང་འདུག དགུང་གྲངས་༦༧ལ་ཕེབས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཐོག་སྤྱི་ཁྱབ་དྲུང་ཆེ་བན་ཁུའུ་མུན་མཆོག་བསྐྱར་དུ་སྤྱི་ཁྱབ་དྲུང་ཆེར་འདེམས་ཐོན་བྱུང་ནས་དུས་སང་ཕྱི་ཟླ་དང་པོའི་ཚེས་གཅིག་ཉིན་དམ་འབུལ་གནང་ཏེ་ཕྱི་ལོ་ཉིས་སྟོང་བཅུ་དྲུག་དབར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ཐུགས་འགན་མུ་མཐུད་བཞེས་རྒྱུ་ཡིན་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་བཞུགས་ཡུལ་གྲུ་༡༩༢ཡོད་པས་གཟའ་པ་སངས་ཉིན་འོས་ཤོག་དབྱུགས་ནས་སྐབས་རྗེས་མའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་བན་ཁུའུ་མུན་མཆོག་བསྐྱར་དུ་འོས་འདེམས་བྱས་ཡོད་ཅིང་ ཨ་རི་དང་ལྷོ་ཀུ་རི་ཡ་ཕ་རན་སི་རྒྱ་ནག་སོགས་ཡུལ་གྲུ་ཁག་གིས་བན་ཁུའུ་མུན་བསྐྱར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གནང་རྒྱུར་རྒྱབ་སྐྱོར་གནང་ཡོད་པ་དང་ རྒྱབ་སྐྱོར་གནང་མཁན་ཡུལ་གྲུ་ཁག་གིས་སྐུ་ཞབས་བེན་ཁུའུ་མུན་གྱིས་ཕྱི་ལོ་ཉིས་སྟོང་བདུན་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ཐུགས་འགན་བཞེས་པའི་རྗེས་ཧད་དི་དང་ པ་ཀི་སི་ཐན་ འབར་མ་སོགས་ཡུལ་ཁག་གི་གནད་དོན་ཐོག་ཡར་རྒྱས་ལྡན་པའི་ཕྱག་ལས་གནང་ཡོད་པར་བསྔགས་བརྗོད་ཞུས་ཡོད་པ་རེད་ བསྐྱར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་འོས་འདེམས་བྱུང་བ་སྐུ་ཞབས་བེང་ཁུའུ་མུན་གྱིས་མ་འོངས་སྤྱི་ཁྱབ་དྲུང་ཆེའི་ཐུགས་འགན་བཞེས་པའི་རིང་ སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ དེ་བཞིན་རྒྱལ་སྤྱིའི་ནང་རྡུལ་ཕྲན་གྱི་གོ་མཚོན་མེད་པ་བཟོ་རྒྱུ་ ལྷག་དོན་དཀྱིལ་ཤར་ཡུལ་གྲུའི་ཞི་བདེའི་གནད་དོན་ཐོག་ཕྱག་ལས་གཙོ་བོ་གནང་རྒྱུའི་དམ་བཅའ་འཇོག་གནང་ཡོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎