སུད་སིར་འཛམ་གླིང་གི་ཆབ་སྲིད་སོཌ་ཀྱི་དབུ་ཁྲིད་ཀྱི་ལྷན་ཚོཌ།

སུད་སིར་འཛམ་གླིང་གི་ཆབ་སྲིད་དང་ཚོང་དོན་གྱི་དབུ་འཁྲིད་དེ་བཞིན་ཤེས་ལྡན་མི་སྣའི་ལྷན་ཚོགས་ཤིག་གནང་འཆར་ཡོད་པའི་གནས་ཚུལ།

2011.01.24

༄༅༎བདུན་ཕྲག་འདིའི་ནང་སུད་སིའི་གྲོང་ཁྱེར་ཌ་ལྦོ་སི་རུ་འཛམ་གླིང་གི་ཆབ་སྲིད་དང་ཚོང་དོན་གྱི་དབུ་འཁྲིད། དེ་བཞིན་ཤེས་ལྡན་མི་སྣའི་ལྷན་ཚོགས་ཤིག་གནང་འཆར་ཡོད་པའི་སར་འཛམ་གླིང་སྐྱོབ་ཐབས་ཀྱི་གྲོས་མོལ་གནང་རྒྱུ་ཡིན་པ་རེད།

ཉིན་ལྔའི་རིང་གི་ལྷན་ཚོགས་དེའི་ཐོག་འཛམ་གླིང་ནང་གི་དཀའ་ངལ་ཆེ་ཤོས་དེ་ཚོ་སེལ་ཐབས་སྐོར་གྲོས་མོལ་གནང་རྒྱུ་ཡིན་ནའང༌། འཛམ་གླིང་ནང་དཀའ་ངལ་ལོ་རེ་ནས་ལོ་རེ་ཆེ་རུ་འགྲོ་གི་ཡོད་པའི་གནས་སྟངས་ལ་འཛམ་གླིང་ཡུལ་ཁག་འདྲ་མིན་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་ཚོགས་པ་སྒྲིག་འཛུགས་ཁག་གིས་གདོང་ལེན་གནང་ཁག་པོ་ཆགས་ཡོད་སྐོར་འཛམ་གླིང་དཔལ་འབྱོར་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགན་འཛིན་ཀ་ལོ་སི་ཤ་ལྦབ་ཀྱིས་འགྲེལ་བརྗོད་གནང་བཞག།

འཛམ་གླིང་དཔལ་འབྱོར་སྒྲིག་འཛུགས་ཀྱིས་ཟླ་བ་འདིའི་ནང་བཏོན་གནང་བའི་སྙན་ཐོའི་ནང་ ཚང་མས་བློ་འཚབ་བྱ་ཡུལ་གྱི་གནད་དོན་ཆེ་ཁག་༣༧ཙམ་ཞིག་ཟུར་བཏོན་གནང་ཡོད་ཅིང༌། དེ་ཚོའི་གྲས་སུ་འཛམ་གླིང་གི་གནམ་གཤིས་ཚ་དྲོད་འཕར་བཞིན་ཡོད་པའི་ཉེན་ཁ་དང༌། ཡུལ་བབ་སྲིད་བྱུས་ཀྱི་རྩོད་རྙོག་དང་། རྒྱལ་ཁབ་མང་པོའི་གཞུང་ལ་དངུལ་བུན་གྱི་དཀའ་ངལ་ཡོད་པ་བཅས་ཡིན་པ་རེད།  བདུན་ཕྲག་འདིའི་ནང་ཚུགས་རྒྱུའི་ཌ་ལྦོ་སིའི་ལྷན་ཚོགས་དེའི་ཐོག་འཛམ་གླིང་གི་དབུ་ཁྲིད་དང་ཚོང་པ་ཆེ་ཁག། ཤེས་ལྡན་མི་སྣ་སོགས་༢༥༠༠ཙམ་ཞིག་འདུ་འཛོམས་གནང་གི་ཡོད་པའི་གྲས་སུ་ཚོང་དོན་དཔོན་རིགས་༡༤༠༠ཙམ་ཡོད་པ་དང༌། རྒྱལ་ཁབ་༣༥དབུ་འཁྲིད་ཐེ་པའི་གཞུང་འབྲེལ་དཔོན་རིགས་དང་ གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་སོགས་ལྷན་ཅིག་དུ་འདུས་ནས་འཛམ་གླིང་ནང་གི་དཀའ་རྙོག་ཁག་སེལ་ཐབས་སྐོར་གྲོས་མོལ་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎