བོད་དུ་སླར་ཡང་གྲ་གཉིས་ཀྱིས་རང་ལུས་མེར་བསྲེག

རྒྱ་ནག་གཞུང་འཛིན་པ་ཚོས་བོད་ཀྱི་ས་ཁུལ་ནང་འཛིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་བསྐྱར་དུ་བསམ་ཞིབ་བྱ་དགོས་རྒྱུའི་རེ་འདུན།

2011.09.26

༄༅༎སླར་ཡང་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་གནས་ཚུལ་བྱུང་བ་དེར་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བློ་ཕམ་ཧ་ཅང་ཆེན་པོ་གནང་ཡོད་པ་དང༌། རྒྱ་ནག་གཞུང་འཛིན་པ་ཚོས་བོད་ཀྱི་ས་ཁུལ་ཁྱོན་ཡོངས་སུ་འཛིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་བསྐྱར་དུ་བསམ་ཞིབ་བྱ་དགོས་རྒྱུའི་རེ་འདུན་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་འདུག།
གོང་ཞུས་གསར་འགོད་གསལ་བསྒྲགས་དེའི་ནང༌། རྒྱ་ནག་གཞུང་གིས་བོད་ནང་དྲང་བདེན་མིན་པའི་སྲིད་བྱུས་འཛིན་བཞིན་པ་དེའི་འོག་དགེ་འདུན་པ་མང་པོས་ངོ་རྒོལ་གནང་སྟེ་ཚེ་སྲོག་ཤོར་བཞིན་པའི་གནས་སྟངས་དེར་བློ་ཕམ་ཧ་ཅང་ཆེན་པོ་བྱ་བཞིན་ཡོད་ཅེས། ད་ལྟ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚུགས་བཞིན་པའི་སྐབས་འདིར་བརྗོད་རྒྱུ་ཡིན་ཞེས་གསུངས་བཞག། ཕྱི་ལོ་༢༠༠༨ནས་བཟུང་རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་ནང་གི་དགེ་འདུན་པ་ཚོར་དམ་བསྒྲགས་འོག་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་བཙན་ཐབས་བྱེད་བཞིན་པ་དང༌། ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་དགེ་འདུན་པ་རྩད་གཅོད་བྱེད་བཞིན་པ་། ལྷག་པར་དུས་འདས་པའི་ཟླ་བ་༨།༩འི་ནང་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱས་པའི་ཉེར་ལེན་ལ་བརྟེན་ནས་དགེ་འདུན་པ་རྣམས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་འདི་རིགས་མ་སྤེལ་ཐབས་མེད་ཆགས་པ་ཞིག་ཡིན་པར་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་འཛིན་གནང་འདུག། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་དགེ་འདུན་པ་ཁོང་ལ་མྱ་ངན་གུས་འདུད་ཞུས་ཡོད་པ་མ་ཟད། རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེད་དང༌། རྨས་སྐྱོན་བྱུང་བའི་དགེ་འདུན་པ་ཁོང་མྱུར་དུ་དྲག་སྐྱེད་ཡོང་བའི་རེ་སྨོན་གནང་འདུག། དེ་བཞིན་གསར་འགོད་གསལ་བསྒྲགས་དེའི་ནང༌།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་འཛིན་པ་ཚོར་བོད་ཀྱི་ས་ཁུལ་ཁྱོན་ཡོངས་སུ་འཛིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་བསྐྱར་དུ་བསམ་ཞིབ་བྱེད་དགོས་པ་མ་ཟད། རྒྱལ་སྤྱིའི་ཚོགས་པ་ཁག་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་ཐེངས་འདིའི་དོན་རྐྱེན་དེའི་འགན་འཁྲི་རྒྱ་ནག་གཞུང་ལ་ཡོད་པ་ར་སྤྲོད་གནང་དགོས་ཀྱི་འདུག་ཅེས་འཁོད་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎