ཨོ་སོ་ཀྲོ་ལི་ཡའི་བློན་ཆེན་གྱིས་གྲོས་ཚོགས་ཀྱི་འཐུས་མིར་རྒྱབ་སྐྱོར།
2009.07.06
༄༅༎ཨོ་སོ་ཀྲོ་ལི་ཡའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་ཚོགས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་དེ་ཆ་ཚང་ཚུལ་མཐུན་ཡིན་པ་མ་ཟད་ཨོ་སོ་ཀྲོ་ལི་ཡའི་མང་གཙོའི་ནུས་ཤུགས་མཚོན་གྱི་ཡོད་པ་གསུངས་པའི་གནས་ཚུལ་ཐོན་འདུག
ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དྲུག་ནས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་ཉིན་གྲངས་དྲུག་གི་རིང་འཚམས་གཟིགས་གནང་བ་མ་ཟད་བདུན་སྔོན་མའི་རེས་གཟའ་ཕུར་བུའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་མ་ཟད་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ནང་མཉམ་ཞུགས་གནང་ཡོད་པ་རེད། ཨོ་སོ་ཀྲོ་ལི་ཡའི་ཕྱི་སྲིད་བློན་ཆེན་སི་ཀྲི་ཕེན་སི་མིཐ་མཆོག་གིས་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་དམའ་རིམ་དཔོན་རིགས་ཀྱིས་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་ཚོགས་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་བའི་སྐོར་སྐྱོན་བརྗོད་ཞུས་པའི་སྐོར་གསུངས་བ་དང་ཆབས་ཅིག་ཁོང་གིས་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་རྒྱ་གར་དུ་ཕེབས་རྒྱུ་དང་དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་འདམ་ང་གནང་བ་དེ་ཆ་ཚང་ཚུལ་མཐུན་ཡིན་པའི་སྐོར་ཞལ་གསང་གི་ཐོག་ནས་གསར་འགོད་པར་འགྲེལ་བརྗོད་གནང་འདུག ཁོང་གིས་མུ་མཐུད་ནས་གསུངས་དོན་ལ་ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་ཐག་ཆོད་གནང་བ་དེས་ཨོ་སོ་ཀྲོ་ལི་ཡའི་མང་གཙོའི་ནུས་པ་མཚོན་གྱི་ཡོད་པའི་སྐོར་བཀའ་གནང་འདུག འདས་པའི་ལོ་རྒྱུས་ནང་ཨོ་སོ་ཀྲོ་ལི་ཡའི་ཕྱི་སྲིད་བློན་ཆེན་སི་མིཐ་མཆོག་རྒྱ་ནག་གིས་བོད་ཀྱི་གནད་དོན་ཐོག་གྲོས་མོལ་གནང་དགོས་པའི་ཐད་ནན་བསྐུལ་གནང་མཁན་ཞིག་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།