ཨེ་པལ་འཕྲུལ་ཆས་ཐོག་བོད་ཀྱི་གནས་ཚུལ་ལ་ཞིབ་བཤེར་བཀག་སྡོམ་།


2019.06.01
ཨེ་པལ་འཕྲུལ་ཆས་ཐོག་བོད་ཀྱི་གནས་ཚུལ་ལ་ཞིབ་བཤེར་བཀག་སྡོམ་། རྒྱ་ནག་ནང་ Apple ཚོང་དོན་ཚན་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བོད་པའི་གནས་ཚུལ་རྣམས་ཞིབ་བཤེར་བཀག་སྡོམ་བྱེད་ཀྱི་ཡོད་ལུགས་སྙན་ཐོ་བཏོན་ཡོད་འདུག
ཝི་ཀི་པི་ཌི་ཡ།

དེ་ཡང་TibCert ཞེས་བོད་མིའི་སྤྱི་ཚོགས་ནང་དྲ་རྒྱ་རང་དབང་དང་དྲ་རྒྱ་བདེ་འཇགས་སྲུང་སྐྱོབ་ཆེད་དམིགས་པའི་མཉམ་འབྲེལ་གྱི་ཞིབ་འཇུག་ཚན་པ་དེས་པུད་ཁུག་ཐོག་ཕྱི་ཟླ ༥པའི་ཚེས་༣༡ཉིན་སྙན་ཐོ་བཏོན་པའི་ནང་གསལ་ལྟར་ན། ཨ་རིའི་ Apple ཞེས་པའི་སྙན་གྲགས་ཅན་གྱི་ཀུ་ཤུ་རྟགས་ཅན་འཕྲུལ་རིགས་ཚོང་གཉེར་ཚན་པས་རྒྱ་ནག་ནང་གོང་ཞུས་འཕྲུལ་རིགས་དཔེར་ན་ལག་ཐོག་ཁ་པར་དང་IPAD ཀམ་པུ་ཀྲར་སོགས་ཀྱི་ནང་བརྙན་ཆས་བེད་སྤྱོད་དང་ཡང་ན་དྲ་ལམ་བརྒྱུད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་དང་། འདི་ག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། ཨ་རི་ཝི་ཨོ་ཨེ་རླུང་འཕྲིན་། ནོར་ཝེ་བོད་ཀྱི་རླུང་འཕྲིན་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་སོགས་བོད་དོན་དང་འབྲེལ་བའི་བརྙན་ཆས་༢༧ཕབ་ལེན་བྱེད་རྒྱུ་མེད་པ་དང་འཚོལ་ཞིབ་བྱས་པའི་སྐབས་བཀག་སྡོམ་བྱེད་ཀྱི་ཡོད་ལུགས་བཀོད་འདུག

གོང་དུ་ཞུས་པའི་ཨེ་པལ་ཚོང་གཉེར་ལས་ཁང་དེས་དེ་སྔ་ཕྱི་ལོ་ ༢༠༠༩ ལོའི་ནང་ཐོག་མར་རྒྱ་ནག་ནང་ཡོད་པའི་ཚོང་གཉེར་ཁང་དེ་དག་ནང་བོད་པའི་གནས་ཚུལ་ཆ་ཚང་བཀག་སྡོམ་བྱས་ཡོད་པ་ཤེས་རྟོགས་བྱུང་བའི་རྗེས་ད་བར་ལོ་ངོ་བཅུ་ཙམ་འགྲོ་ཡི་ཡོད་ཀྱང་སྲིད་བྱུས་ལ་འགྱུར་བ་གང་ཡང་བཏང་མེད་པར་བརྟེན་ཨེ་པལ་ཚོང་ལས་ཚན་པས་རྒྱ་ནག་གཞུང་གི་བཀའ་བཀོད་འོག་འགྲོ་ཡི་ཡོད་པ་གསལ་པོ་རེད་ཅེས་གསུངས་ནས་ཚོང་གཉེར་ལས་ཁང་གི་འགན་འཛིན་Tim Cook གྱི་ལངས་ཕྱོགས་ལ་འགྱུར་བ་ག་དུས་གཏོང་གི་ཡོད་དམ་ཞེས་བཀོད་འདུག ལྷག་པར་དུ་གོང་དུ་སྙན་ཐོ་བཏོན་མཁན་གྱི་ཉམས་ཞིབ་ཚན་པའི་འབྲེལ་མཐུད་པ་རྡོ་རྗེ་ཕུན་ཚོགས་ལགས་ཀྱིས་། ཨེ་པལ་ཚོང་དོན་ཚན་པས་བཀག་སྡོམ་བྱེད་དགོས་པའི་རྒྱུ་མཚན་རྒྱ་ནག་གི་ས་གནས་སྲིད་གཞུང་གི་ཁྲིམས་ལུགས་གཞིར་བཟུང་བརྩི་སྲུང་ཞུ་ཡི་ཡོད་ལུགས་འགྲེལ་བཤད་རྒྱབ་ཀྱི་ཡོད་ཀྱང་། བྱ་སྤྱོད་ནི་ཕྱི་གསལ་ནང་གསལ་མེད་པ་ཞིག་རེད་འདུག རྒྱ་ནག་ནང་ཨེ་པལ་ཚོང་ཁང་དེ་དག་ནང་ཚོང་བསྒྱུར་བྱེད་བཞིན་འཕྲུལ་ཆས་ནང་བོད་པའི་གནས་ཚུལ་བལྟ་རྒྱུ་མེད་པར་ཞིབ་བཤེར་བཀག་འགོག་བྱས་པ་དེས་བོད་མི་ཚོས་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུའི་རང་དབང་ལ་འགོག་རྐྱེན་བཟོ་གི་ཡོད་རེད་ལ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དང་འགལ་གྱི་ཡོད་རེད་ཅེས་སྐྱོན་བརྗོད་གནང་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎