རླངས་འཁོར་སུམ་བརྒྱ་ལྷག་ནས་སྐུ་གདུང་ལ་ཕེབས་བསུ།

བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་གྲུབ་མཆོག་གི་གདུང་རུས་ཟི་ལིང་གནམ་ཐང་བརྒྱུད་རེབ་གོང་དུ་འབྱོར་ཡོད་པ་དང་། སྐབས་དེར་རེབ་གོང་ནས་རླངས་འཁོར་སུམ་བརྒྱ་ལྷག་གིས་ སྐུ་གདུང་ལ་ཕེབས་བསུ་ཞུས་འདུག

2012.09.28

༄༅།    །འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཚེས་༢༧ཉིན་བོད་ནང་གི་ཆུ་ཚོད་༩ཙམ་ལ་ཞིང་གཤེགས་དམ་པ་བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་གྲུབ་མཆོག་གི་གདུང་རུས་ཟི་ལིང་གནམ་ཐང་བརྒྱུད་རེབ་གོང་དུ་འབྱོར་ཡོད་པ་དང་། སྐབས་དེར་རེབ་གོང་ནས་རླངས་འཁོར་སུམ་བརྒྱ་ལྷག་གིས་ཞིང་གཤེགས་དམ་པ་བཀའ་ཟུར་ཨ་ལགས་འཇིགས་མེད་མཆོག་གི་སྐུ་གདུང་ལ་ཕེབས་བསུ་ཞུས་འདུག།


བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་གྲུབ་རིན་པོ་ཆེ་ནི།    སྤྱི་ལོ་༡༩༣༨ལོར་མདོ་སྨད་རེབ་གོང་རྒྱལ་བོ་དཔོན་ཚང་དུ་འཁྲུངས། དགུང་ལོ་༧ཐོག་རེབ་གོང་རོང་པོ་དགོན་ཆེན་གྱི་འཇིགས་མེད་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱས་ཡོད་པ་རེད།  རིན་པོ་ཆེ་ནས་བཙན་བྱོལ་དུ་ཕེབས་རྗེས་བོད་མི་མང་སྤྱི་འཐུས་སྐབས་༣།༤།༥།༦པ་བཅས་སྤྱི་འཐུས་སྐབས་བཞིའི་ལས་རྒྱུན་ལོ་༡༣རིང་གནང་ཡོད་ཅིང། དེ་སྔོན་༧གོང་ས་མཆོག་གི་སྐུ་ཚབ་ཐེངས་བཞི་པ་བོད་དུ་ཕེབས་སྐབས་སྐུ་ཚབ་ཚོགས་པའི་ཚོགས་གཞོན་གནང་མྱོང་པ་དང་།  ༡༩༨༦ལོར་ནང་སྲིད་བཀའ་བློན་ལས་རོགས་སུ་བསྐོ་བཞག་བྱུང་ཡོད་པ་དང༌། དེ་རྗེས་བདེ་སྲུང་བཀའ་བློན་གྱི་མཚན་གནས་ཐུགས་འཁུར་ལོ་བཞིའི་རིང་གནང་ཡོད་པ་རེད།  ལོ་འདིའི་ཕྱི་ཟླ་༧པའི་ཚེས་༢༦ཉིན་རིན་པོ་ཆེའི་སྙུང་གཞི་ཇེ་སྡུག་ཏུ་ཕྱིན་ནས་དགོངས་པ་རྫོགས་ཡོད་པ་རེད།   །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎