སྒྱུ་རྩལ་བ་ཨེ་ཝེ་ཝེ་ཡི་ཁྱིམ་ནང་གསང་ཉན་འཕྲུལ་ཆས་བཙུགས་པ།
2015.10.05
༄༅། །རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་སྒྱུ་རྩལ་བ་Ai Weiwei ཇར་མི་ནིར་སྐོར་བསྐྱོད་གནང་སྟེ་ཕྱིར་པེ་ཅིང་དུ་ཕྱིར་ལོག་གནང་བའི་རྗེས་པེ་ཅིང་དུ་ཡོད་པའི་ཁོང་གི་ཁང་པའི་ནང་རྒྱ་ནག་གཞུང་གིས་གསང་བའི་ཐོག་ནས་ཉན་སའི་འཕྲུལ་ཆས་འགའ་ཤས་བཙུགས་ཡོད་པ་Ai Weiwei ཡིས་ཤེས་རྟོགས་་བྱུང་བའི་རྗེས་ཁོང་གིས་གསང་བའི་ཐོག་ནས་བཞག་པའི་འཕྲུལ་ཆས་དེ་ཚོ་དཔར་རྒྱབ་པ་དང་། དེའི་ཐོག་ཏུ་ཁྱེད་ཀྱིས་གོ་གི་འདུག་གམ་ཞེས་འདྲི་བ་དྲིས་ནས་ཁོང་རང་གི་Instagram ངོ་དེབ་ནང་བཞག་གནང་ཡོད་པ་རེད། དེ་ག་ནང་བཞིན་ཡང་དཔར་གཞན་ཞིག་གི་ཐོག་ཏུ་ཁོང་གིས་དེ་ཚོ་ག་དུས་ཡིན་ནའང་ཧ་ལས་དགོས་པ་ཞིག་རེད་ཅེས་བཀོད་ཡོད་པ་རེད། སྒྱུ་རྩལ་བ་Ai Weiwei ནི་དུས་རྟག་ཏུ་རྒྱ་ནག་གཞུང་གི་དམ་བསྒྲགས་འོག་གནས་བཞིན་ཡོད་ཅིང་། ཕྱི་ལོ་༢༠༡༡་ལོར་ཁོང་དངོས་སུ་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཉིན་གྲངས་༨༡་རིང་བཙོན་ཁང་ནང་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་ཁོང་གི་ཕྱིར་སྐྱོད་ལག་ཁྱེར་གཞུང་གིས་ལོ་བཞིའི་རིང་ཉར་ནས་འདི་ལོ་ཕྱི་ཟླ་བདུན་པའི་ནང་གཞི་ནས་ཕྱིར་སྤྲོད་བྱས་ཡོད་པ་རེད། དེ་ནས་ཁོང་གིས་རྒྱ་ནག་གཞུང་ལ་མི་འདོད་པའི་རྣམ་པ་ཆུང་དུ་བཏོན་པའི་ཐོག་ནས་ཇར་མི་ནི་དང་། དབྱིན་ཡུལ་དུ་སྐོར་བསྐྱོད་གནང་ཡོད་པ་དང་། ཁོང་ཕྱིར་པེ་ཅིང་དུ་ཨ་མའི་འགྲམས་དུ་ཕྱིར་ལོག་སྐབས་ཁོང་གི་ནང་དུ་གསང་བའི་ཐོག་ནས་ཉན་སའི་འཕྲུལ་ཆས་བཙུགས་ཡོད་པ་ཤེས་རྟོག་བྱུང་ཡོད་ལུགས་ཁོང་གི་ཨ་མས་འདི་ཨེ་ཤེ་ཡའ་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་དུ་གསལ་སྟོན་གནང་ཡོད་ལུགས་Ai Weiwei ཡིས་གྲོགས་པོ་Liu Xiaoyuan ཡིས་ར་འཕྲོད་གནང་འདུག་ Ai ཡིས་ཨ་མ་Go Ying ཡིས་འདི་ག་ཨེ་ཤེ་ཡའ་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་ཡས་ལ་ཁོང་ཚོའི་ཁང་པའི་ནང་གསང་བའི་ཐོག་ནས་ཉན་རྒྱུའི་འཕྲུལ་ཆས་དེ་རྒྱ་ནག་གཞུང་གིས་ཆེད་བཙུགས་བྱས་པར་ཡིད་ཆེས་གནང་གི་ཡོད་ཅེས་དང་། ལོ་བཞིའི་སྔོན་དུ་Ai Weiwei ཡི་རི་མོ་ཁང་གཞུང་གིས་གཏོར་བཅོམ་བྱས་ཡོད་པ་མ་ཟད་ Ai ཁོང་རང་ཕྱི་ལོ་༢༠༡༡་ལོར་འཛིན་བཟུང་བྱས་ཏེ་གློད་བཀྲོལ་བྱས་པའི་རྗེས་མུ་མཐུད་རྒྱ་ནག་གཞུང་གི་དོ་དམ་འོག་གནས་བཞིན་ཡོད་པ་རེད་ཅེས་གསལ་སྟོན་གནང་འདུག།
གསར་འགོད་པ་དབྱངས་སྒྲོལ།