བོད་ནང་འབྲུ་རིགས་ཐོན་སྐྱེད་ཀྱི་སྤུས་ཚད་ཡར་རྒྱས་གཏོང་ཐབས།
2012.05.10
༄༅༎བོད་ནང་སྤུས་ཚད་ལྡན་པའི་བཟའ་བྲུའི་ཐོན་སྐྱེད་ཡར་རྒྱས་གཏོང་ཐབས་སུ་ས་ཞིང་འདེབས་སླད་ས་ཁྱོན་mu 400,000ཐམ་པ་ཁ་སྣོན་འཇོག་རྒྱུ་ཡིན་པའི་སྐོར་གནས་ཚུལ་ཐོན་འདུག་༎
དེ་ཡང་རྒྱ་གར་གྱི་ཨེ་ཨེན་ཨའེ་གསར་ལས་ཁང་གིས་ རྒྱ་ནག་གི་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ལུང་འདྲེན་བྱས་པར་གཞིགས་ན་ རྒྱ་ནག་གི་ཟེར་བའི་བོད་རང་སྐྱོང་ལྗོངས་ཀྱི་སོ་ནམ་ལས་དོན་ཚན་པས་ བོད་ནང་ཚད་མཐོའི་སོ་ནམ་གྱི་ཐོན་སྐྱེད་རྒྱ་ཆེར་གཏོང་ཐབས་སུ་ ༢༠༡༡ལོ་ནས་འགོ་བཙུགས་ཀྱི་༢༠༡༥བར་ ས་ཁྱོན་mu 400,000ཐམ་པ་ཞིང་ལས་འདེབས་འཛུགས་ཆེད་ཁ་སྣོན་འཇོག་རྒྱུ་ཡིན་པའི་སྐོར་གསལ་བསྒྲགས་སྤེལ་ཡོད་པ་རེད་ ཚད་མཐོའི་སོ་ནམ་ཞིང་ལས་ཞེས་པའི་ལས་གཞི་དེའི་ནང་ ས་ཞིང་འདེབས་འཛུགས་ལྡན་པའི་ས་ཁྱོན་ཁ་སྣོན་འཇོག་པའི་ཁར་ ཞིང་སའི་ཐོན་སྐྱེད་ཡར་རྒྱས་ཆེད་ ས་ཞིང་འཁོད་སྙོམས་བཟོ་རྒྱུ་དང་ ཆུ་ཡུར་གསར་རྒྱག་ ས་བཅུད་ཆེ་རུ་གཏོང་བའི་རྗས་ལུས་བེད་སྤྱོད་དང་ དེ་བཞིན་དེང་རབས་ཀྱི་འཕྲུལ་འཁོར་བཅས་བེད་སྤྱོད་གཏོང་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་ བོད་རང་སྐྱོངས་ལྗོངས་ཀྱི་སོ་ནམ་ཞིང་ལས་དང་སྒོ་ཕྱུགས་སེམས་ཅན་ལྟེ་གནས་ཁང་གིས་ཉམས་ཞིབ་པ་ཀུའན་ལྦེ་ཤིང་ཟེར་བའི་བརྗོད་ན་ ཞིང་ས་ཁ་སྣོན་འཇོག་པའི་ལས་གཞི་ལག་བསྟར་བྱ་ཕྱོགས་སླད་ ལྟེ་གནས་ཁང་གིས་ཉམས་ཞིབ་མི་སྣས་ བོད་ཀྱི་མཐའ་ཁུག་གྲོང་བསེབ་ས་ཁུལ་ནང་སྐོར་བསྐྱོད་བྱས་ཏེ་ ས་ཞིང་འདེབས་ལས་སྐོར་ལམ་སྟོན་དང་ཟབ་སྦྱོང་མཐུན་སྦྱོར་བྱ་རྒྱུ་ཡིན་སྐོར་དང་ ས་ཞིང་ཁ་སྣོན་འཇོག་པའི་ལས་གཞི་ལག་བསྟར་འཐུས་ཚང་བྱུང་ཚེ་ བཟའ་བྲྲུའི་ཐོན་སྐྱེད་ཀྱི་ཚད་གཞི་ཇེ་མཐོར་འགྲོ་རྒྱུ་ངེས་པའི་སྐོར་གསལ་འདོན་བྱས་འདུག་ གནས་ཚུལ་ནང་གསལ་ལྟར་ན་ བོད་རང་སྐྱོངས་ལྗོངས་ནང་ ད་ལྟའི་ཆར་སོ་ནམ་ཞིང་ལས་ཆེད་ ས་ཁྱོན་mu ས་ཡ་༥དང་ཕྱེད་ཀ་ཙམ་ཡོད་རུང་ ས་ཁྱོན་བརྒྱ་ཆ་༤༠ཙམ་གྱི་ཐོན་སྐྱེད་འབྲིང་རིང་ཙམ་ལས་མེད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་༎