རྒྱ་ནག་ཧྲང་ཧད་དུ་རྒན་འཁོགས་མི་འབོར་ཇེ་མང་དུ་འགྲོ་བ།

ཧྲང་ཧད་ནང་རྒན་འཁོགས་མིའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པར་བརྟེན་བཟའ་ཚང་གཅིག་ལ་ཕྲུ་གུ་གཉིས་སྐྱེས་རྒྱུའི་སྐུལ་མ་གཏོང་གི་ཡོད་པ།

2009.07.24

༄༅༎ཧྲང་ཧད་གྲོང་ཁྱེར་གཞུང་གིས་གྲོང་ཁྱེར་དེའི་ནང་རྒན་འཁོགས་མིའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པར་ཁ་གཏད་ཆད་བཟའ་ཚང་གཅིག་ལ་ཕྲུ་གུ་གཉིས་སྐྱེས་རྒྱུའི་སྐུལ་མ་གཏོང་གི་ཡོད་པ་རེད།

རྒྱ་ནག་གི་ཧྲང་ཧད་གྲོང་ཁྱེར་ནང་མི་འབོར་གྱི་བརྒྱ་ཆ་ཤུགས་ཆེན་པོ་ཞིག་རྒན་རྒོན་པ་ཡིན་པར་བརྟེན་ནས་གནས་སྟངས་དེ་སེལ་ཐུབ་རྒྱུའི་ཆེད་ཧྲང་ཧད་གྲོང་ཁྱེར་འཆར་ལྡན་བུ་བཙའི་ལས་ཁང་གིས་ཕྱི་ཚེས་ཉི་ཤུ་བཞི་ཉིན་གཞུང་ཕྱོགས་ཀྱི་དྲ་རྒྱའི་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་པར་ཆ་རྐྱེན་ཡོད་པའི་བཟའ་ཚང་ཚོས་ཕྲུ་གུ་གཉིས་སྐྱེས་རྒྱུའི་སྐུལ་མ་གཏོང་གི་ཡོད་པ་ཕྱིར་བསྒྲགས་བྱས་ཡོད་པ་དང་ཕྱོགས་མཚུངས་དེས་རྐྱེན་པས་རྒྱ་ནག་གི་འཆར་ལྡན་བུ་བཙའི་སྲིད་བྱུས་ལ་འགྱུར་ལྡོག་གང་ཡང་མེད་ལུགས་འཁོད་ཡོད་ཅིང་ཧྲང་ཧད་གྲོང་ཁྱེར་ནང་རྒན་རྒོན་གྱི་མིའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་དེས་གྲོང་ཁྱེར་མུ་མཐུད་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་ཐོག་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ཧྲང་ཧད་གྲོང་ཁྱེར་ཁྱོན་ཡོངས་ཀྱི་མིའི་གྲངས་འབོར་ནས་མི་གྲངས་ས་ཡ་གསུམ་ལྷག་ཙམ་ལོ་ན་དྲུག་ཅུ་བརྒལ་བའི་རྒན་རྒོན་ཡན་ཞིང་ཐེམ་ཐོ་ཡོད་པའི་གྲོང་མིའི་གྲངས་འབོར་གྱི་བརྒྱ་ཆ་ཉི་ཤུ་རྩ་གཉིས་ཟིན་ནས་འཛམ་གླིང་ནང་ནས་རྒན་རྒོན་མང་ཤོས་ཀྱི་གྲོང་ཁྱེར་གྲས་སུ་སླེབས་ཀྱི་ཡོད་པ་ཧྲང་ཧད་གྲོང་ཁྱེར་འཆར་ལྡན་བུ་བཙའི་ལས་ཁང་གི་འགན་འཛིན་ནས་བརྗོད་ཡོད་པ་རེད། ཧྲང་ཧད་གྲོང་ཁྱེར་གནས་སྟངས་དེ་རིགས་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་དཀའ་ངལ་འཕྲད་བཞིན་པ་ལྟར་པེ་ཅིང་གྲོང་ཁྱེར་གྱིས་ཀྱང་ཉེ་ཆར་ཕྲུ་གུ་གཅིག་གི་བཟའ་ཚང་ཆ་རྐྱེན་ཡོད་པ་ཚོས་ཕྲུ་གུ་གཉིས་པ་དེ་སྐྱེས་རྒྱུར་སྐུལ་མ་གཏོང་བའི་སྲིད་བྱུས་འཛིན་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་སུམ་ཅུ་ཙམ་ནང་འཆར་ལྡན་བུ་བཙའི་སྲིད་བྱུས་བཟའ་ཚང་རེས་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་ཐབས་ལམ་འཛིན་ཏེ་ཕྲུ་གུས་རྒན་རྒོན་གསོ་ཐབས་ཀྱི་སྲོལ་རྒྱུན་གནས་སྟངས་ཁག་ཏུ་ཕྱིན་ནས་ད་ཆ་རྒྱ་ནག་ནང་རྒན་རྒོན་གྱི་མི་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་ཨ་རིའི་ཐབས་བྱུས་དང་རྒྱལ་སྤྱིའི་གནད་དོན་ཉམས་ཞིབ་ལྷན་ཁང་གིས་ད་ལོ་ཕྱི་ཟླ་བཞི་པའི་ནང་ཕྱི་ལོ་ཉིས་སྟོང་ལྔ་བཅུ་ལོར་སླེབས་སྐབས་རྒྱ་ནག་གི་རྒན་རྒོན་ལོ་དྲུག་ཅུ་ཡན་གྱི་མིའི་གྲངས་འབོར་ས་ཡ་༤༣༨ལྷག་ཆགས་རྒྱུ་ཡིན་པ་དང་ལོ་ན་བརྒྱད་ཅུ་ཡན་གྱི་རྒན་རྒོན་གྱི་མིའི་གྲངས་འབོར་ས་ཡ་བརྒྱ་ལྷག་ཆགས་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎