རྒྱ་ནག་ཏུ་ལིའུ་ཤའོ་ཕུའུ་ལ་རྒྱབ་སྐྱོར་བྱེད་མཁན་ལ་དམ་བསྒྲཌ།

ལིའུ་ཤའོ་ཕུའུའིལམ་ཕྱོགས་ལ་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་ལ་རྒྱ་ནག་གཞུང་གིས་དོ་དམ་བཀག་ཉར་བྱེད་བཞིན་པ།

2010.10.15

༄༅༎རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ཡིས་འདས་པའི་མི་ལོ་བཅུ་ཕྲག་གཉིས་ལྷག་རིང་རྒྱ་ནག་ནང་དམངས་གཙོའི་ལམ་ལུགས་བཅོས་བསྒྱུར་ཡོང་ཐབས་འབད་བརྩོན་གནང་བའི་བྱས་རྗེས་ལ་འདི་ལོའི་ནོ་བེལཞི་བདེའི་བྱ་དགའ་ཐོབ་པའི་རྗེས། ཁོང་གི་ལམ་ཕྱོགས་ལ་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་ལ་རྒྱ་ནག་གཞུང་གིས་དོ་དམ་བཀག་ཉར་བྱེད་པ་དང་ཡང་ན་སོ་སོའི་སྡོད་གནས་ནས་འགྲོ་འོང་ལ་དམ་བསྒྲགས་བྱེད་པ་སོགས་བསུན་བཙིར་ཆེན་པོ་བཟོ་གི་ཡོད་པ་རེད།

དེ་རིང་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌། དེ་སྔ་༡༩༨༩ལོའི་དམངས་གཙོའི་ལས་འགུལ་སྤེལ་མཁན་སློབ་ཕྲུག་འདས་གྲོངས་སུ་ཕྱིན་པའི་སྐྱེས་མ་ཏིང་ཀྲི་ལིན་གྱིས་དེ་སྔ་༨༩ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་དམངས་གཙོའི་སློབ་ཕྲུག་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་སློབ་ཕྲུག་བརྒྱ་ཕྲག་མང་པོ་དམར་བསད་བཏང་བའི་བྱ་སྤྱོད་ངོས་ལེན་བྱེད་དགོས་ཞེས་ད་བར་དུ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཁོང་གིས་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་བྱ་དགའ་ངེས་པར་དུ་ཐོབ་དགོས་ཀྱི་རེད་ཅེས་རྒྱབ་སྐྱོར་བྱས་པར་བརྟེན་ནས། རེས་གཟའ་ཕུར་བུའི་ཉིན་ལིའུ་ཤའོ་ཕུའུ་ཡི་བཟའ་ཟླ་ལིའུ་ཤའ་ཡིས་ཏིང་ཀྲི་ལིན་གར་སོང་མེད་པ་གྱུར་བའི་གནས་ཚུལ་གང་སར་དྲིལ་བསྒྲགས་བྱས་པ་མ་ཟད། མི་དམངས་ཚོས་ཏིང་ཀྲི་ལིན་གྱི་ཐོག་ལ་དོ་སྣང་བྱེད་རོགས་ཞེས་འབོད་སྐུལ་བྱས་ཡོད་པ་རེད། དམིགས་བསལ་གྱིས་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་པའི་རྗེས། རྒྱ་ནག་ནང་ཆབ་སྲིད་ཀྱི་ལམ་ལུགས་དམངས་གཙོའི་ཕྱོགས་སུ་བཅོས་བསྒྱུར་ཡོང་ཐབས་ཐད་ཀྱི་༢༠༠༨ལོའི་རྩ་འཛིན་ཡིག་ཆ་ཞེས་པའི་ཐོག་རྒྱབ་སྐྱོར་གྱི་ས་ཡིག་བཀོད་མཁན་ཚོའི་ཐོག་ལ་རྒྱ་ནག་གཞུང་གིས་སྡང་ཟུག་བྱེད་ཀྱི་ཡོད་ཅིང༌། དེ་ཡང་༢༠༠༨ལོའི་རྩ་འཛིན་ཡིག་ཆར་ས་ཡིག་བཀོད་མཁན་གྲས་ཡིན་པའི་རྩོམ་བྲིས་པ་ཀྲའོ་ཧྲི་དབྱིང་ལ་རེས་གཟའ་ཕུར་བུའི་ཉིན་གསར་འགོད་པས་བཅར་འདྲི་ཞུ་ཐབས་བྱེད་པའི་སྐབས། ཁོང་གིས་སྐད་ཆ་མང་པོ་ཞིག་ཤོད་རྒྱུ་ཡོད་ཀྱང༌། ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་པ་ནས་བཟུང་རྒྱ་མིའི་ཉེན་རྟོག་པས་ཁོང་གི་ཐོག་ལ་དམ་བསྒྲགས་བྱས་ཏེ་ཉེན་རྟོག་པ་དང་གདོང་ལེན་བྱེད་དགོས་པའི་གནས་ཚུལ་ཐེངས་འགའ་ཤས་བྱུང་བའི་གནས་ལུགས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎