ཨཕ་ག་ནི་སི་ཐན་དུ་བསྐྱར་དུ་སྲིད་འཛིན་འོས་བསྡུ་བྱེད་འཆར།

དེ་སྔོན་འོས་བསྡུའི་སྐབས་ནག་ཉེས་ཕོག་པའི་འོས་བསྡུའི་ལས་བྱེད་པ་རྣམས་འོས་བསྡུའི་ལས་འགུལ་གྱི་འགན་ཁུར་ནས་ཕྱིར་འབུད་གཏོང་རྒྱུ།

2009.10.23

༄༅༎ཨཕ་ག་ནི་སི་ཐན་ནང་རིང་མིན་སྲིད་འཛིན་གྱི་འོས་བསྡུ་བསྐྱར་དུ་གནང་རྒྱུའི་ལས་དོན་ནང་དེ་སྔོན་འོས་བསྡུ་ཐེངས་དང་པོའི་སྐབས་ནག་ཉེས་ཕོག་པའི་འོས་བསྡུའི་ལས་བྱེད་པ་རྣམས་འོས་བསྡུའི་ལས་འགུལ་གྱི་འགན་ཁུར་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

དེ་སྔོན་ཕྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་ཨཕ་ག་ནི་སི་ཐན་གྱི་རྒྱལ་ཡོངས་སྲིད་འཛིན་གྱི་འོས་བསྡུའི་ནང་ལས་ཐོག་སྲིད་འཛིན་ཧ་མིརྡ་ཀར་ཛའེ་ལ་འོས་ཤོག་བརྒྱ་ཆ་ལྔ་བཅུ་ལྷག་ལོན་ཡོད་པར་གྲངས་བཤེར་བྱུང་སྟེ་སྲིད་འཛིན་གྱི་འོས་ཐོབ་ཡོད་པ་རེད། ཡིན་ཡང་སྲིད་འཛིན་གྱི་འོས་བསྡུའི་སྐབས་འོས་བསྡུ་སྐོང་ཚོགས་བྱ་ཡུལ་ས་ཁུལ་ཁག་ཏུ་འོས་བསྡུའི་ལས་བྱེད་པ་མང་པོས་སྲིད་འཛིནཀར་ཛའེ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཐབས་ཆེད་འོས་ཤོག་རྫུན་བཟོ་བྱས་པ་དང་མི་མེད་འོས་ཤོག་འཕེན་པ་ཡང་འོས་སྒམ་རྐུ་འཁྱེར་བྱས་པ་སོགས་ཀྱི་སྐྱོན་འཛུགས་དུ་མ་བྱུང་ཡོད་པ་རེད། དེར་བརྟེན་ཉེ་སྔོན་ཨཕ་ག་ནི་སི་ཐན་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འོས་བསྡུ་ཞིབ་བཤེར་གནང་པའི་རྗེས་སྲིད་འཛིན་ཀར་ཛའེ་ལ་མང་མོས་འོས་ཤོག་བརྒྱ་ཆ་ལྔ་བཅུ་ལོན་མེད་པར་ར་སྤྲོད་བྱུང་སྟེ་མཐར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནོན་ཤུགས་འོག་སྲིད་འཛིན་མཆོག་ནས་རིང་མིན་ཕྱི་ཟླ་བཅུ་གཅིག་པའི་ནང་འོས་བསྡུ་བསྐྱར་དུ་སྐོང་ཚོགས་གནང་རྒྱུའི་ཐག་གཅོད་གསལ་བསྒྲགས་བྱས་ཡོད་པ་རེད། ཨཕ་ག་ནི་སི་ཐན་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་མཆོག་ནས་ཐེངས་འདིའི་འོས་བསྡུ་དེ་བཞིན་གང་ཡོང་དྲང་བདེན་དང་ཚུལ་མཐུན་གྱི་འོས་བསྡུ་འབྱུང་ཐབས་སུ་དེ་སྔོན་ནག་ཉེས་ཕོག་པའི་འོས་བསྡུའི་ལས་བྱེད་པ་རྣམས་འོས་བསྡུའི་ལས་འགུལ་ནས་ཕྱིར་འབུད་དགོས་པའི་སྐོར་སྲིད་འཛིན་ཀར་ཛའེ་ལ་སྐུལ་འདེད་ཤུགས་ཆེ་བྱས་ཡོད་པ་དང་ཁ་ས་ཨཕ་ག་ནི་སི་ཐན་གྱི་འོས་བསྡུ་ཚོགས་ཆུང་ཐོག་ནས་ཀྱང་དེ་ལྟར་ལག་བསྟར་གནང་རྒྱུའི་མོས་མཐུན་གསལ་བསྒྲགས་ཡང་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎