བོད་མི་ནང་ཁུལ་རང་བཙན་དང་དབུ་མ་རྩོད་ན་ཕན་ཐོགས་མེད།


2014.09.29
རྒྱ་རིགས་མང་གཙོ་འཐབ་རྩོད་པ་དང་རྩོམ་པ་པོ་རོས྄་ཊང་ལགས་དྷ་རམ་ས་ལར་མང་ཚོགས་ལ་གཏམ་བཤད་སྤེལ་བཞིན་པ།
བསྟན་འཛིན་དོན་ཡོད།

རྒྱ་རིགས་རོའུ་སི་ཐང་གིས་རྒྱ་ནག་གཞུང་འགྱུར་བ་མ་ཕྱིན་བར་བོད་མི་ནང་ཁུལ་རང་བཙན་དང་དབུ་མ་རྩོད་བསྡད་ན་ཕན་ཐོགས་མེད་པ་གསུངས་འདུག དེ་ཡང་ཟླ་བ་འདིའི་ཚེས་ཉི་ཤུ་དྲུག་ཉིན་བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་ཉིན་མོའི་སློབ་གྲྭའི་ནང་། བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་བསྒྲིགས་འོག་དེ་སྔ་ཕྱི་ལོ་༡༩༨༩ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གི་རྒྱ་ནག་གཞུང་ལ་མང་གཙོ་བཅོས་བསྒྱུར་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བའི་སྐབས་མཉམ་ཞུགས་གནང་མཁན་མང་གཙོ་དོན་གཉེར་བ་རྒྱ་རིགས་བུད་མེད་རྭོ་སི་ཐང་ནས་གསུང་བཤད་གནང་ཡོད་འདུག སྐབས་དེར་ཁོང་གིས། ཁོང་རང་ཉིད་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་རྒྱུ་མཚན་དང་། ད་བར་བོད་མི་མང་པོས་བོད་ནང་རང་ལུས་མེར་བསྲེགས་བཏང་ཡོད་པ་དེ་དག་གི་གནད་དོན་སྐོར་སོགས་གསུངས་ནས་བོད་ཀྱི་གནད་དོན་དེ་རྒྱ་ནག་མི་མང་ཚོར་ངོ་སྤྲོད་དང་གསལ་བཤད་བྱེད་རྒྱུ་ལས་འགན་ཧ་ཅང་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་གནང་འདུག དེ་ནས་ཁོང་གིས་བོད་པའི་གནད་དོན་དངོས་ཡོད་རྒྱ་མི་རིགས་ཚོར་ངོ་སྤྲོད་བྱས་ནས་གོ་རྟོག་སྤེལ་ཐུབ་པའི་མཚམས་སུ་རྒྱ་ནག་གཞུང་ནུས་མེད་བཟོ་ཐུབ་པ་ཞིག་དང་། དེ་ལྟར་བྱུང་བ་ཡིན་ན་གཞི་ནས་འགྱུར་བ་ཞིག་ཐེབས་བཟོ་ཡོད་པ་མ་གཏོགས་རྒྱ་ནག་གཞུང་ནས་འགྱུར་བ་གང་ཡང་མ་བཏང་བར་བོད་མི་ཚོས་རང་བཙན་དགོས་དང་། དབུ་མ་དགོས་ཟེར་ནས་བོད་མི་ནང་ཁུལ་རྩོད་པ་རྒྱབ་ནས་བསྡད་ན་ཕན་ཐོགས་ཡོད་མ་རེད་ལ་རྒྱ་ནག་གཞུང་ལ་སྐད་ཆ་སྙན་པོ་བཤད་ནས་ཀྱང་ཕན་ཐོགས་ཡོད་མ་རེད་། དེ་འདྲ་ཡིན་དུས་རྒྱ་ནག་མི་མང་མཉམ་འབྲེལ་བ་ཟབ་པོ་བཟོ་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་འདུག གསར་འགོད་པ་རིག་འཛིན་ཆོས་སྒྲོན། གཞན་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ནས་གནས་ཚུལ་བཏང་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎