ཐེ་ལྦན་ན་ནང་རྡུལ་ཕྲན་ནུས་ཤུགས་ལ་ངོ་རྒོལ་སྤེལ།
2012.03.11
༄༅༎རེས་གཟའ་ཉི་མའི་ཉིན་ཐེ་ལྦན་མི་དམངས་བརྒྱ་གྲངས་འགའ་ཤས་ཐེ་ལྦན་རྒྱལ་ས་ཐེ་པེ་དུ་འདུ་འཛོམས་ཀྱིས་ན་ནིང་ཉི་ཧོང་དུ་ས་ཡོམ་དང་རྒྱ་མཚོའི་རྦ་རླབས་ཀྱིས་གནོད་འཚེ་ཚབས་ཆེ་བྱུང་སྟེ་ལོ་གཅིག་འཁོར་བའི་ཉིན་མོ་དྲན་གསོ་བྱས་ཏེ་རྡུལ་ཕྲན་ནུས་ཤུགས་ལ་ངོ་རྒོལ་བྱས་ཡོད་པ་རེད།
དེ་ཡང་ན་ནི་ཕྱི་ཟླ་གསུམ་པའི་ཚེས་༡༡ ཉིན་ཉི་ཧོང་ནང་དུ་ས་ཡོམ་ཤུགས་ཚད་ཆེན་པོ་རྒྱབ་ཏེ། རྒྱ་མཚོའི་རྦ་རླབས་ཀྱི་གནོད་འཚེས་རྐྱེན་པས་རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་གསུམ་ལ་གནོད་སྐྱོན་བྱུང་སྟེ་མི་དམངས་ཀྱི་བདེ་ཐང་ལ་གནོད་པའི་ཉེན་ཚབས་ཆེན་པོ་བྱུང་བར་བརྟེན་ནས། ད་རེས་ཕྱི་ཟླ་གསུམ་པའི་ཚེས་༡༡ ཉིན་ཐེ་ལྦན་མི་དམངས་སྟོང་ཕྲག་གཉིས་ཙམ་འདུ་འཛོམས་ཀྱིས་རྡུལ་ཕྲན་ནུས་ཤུགས་ལ་ངོ་རྒོལ་གྱི་གོམ་བགྲོས་བྱས་ཏེ། ཐེ་ལྦན་གཞུང་གིས་ཉི་ཧོང་ནང་རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་གི་གནོད་འཚེ་བྱུང་བ་ནས་བསླབ་བྱ་སླངས་ཏེ་རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་མེད་པའི་ས་ཁུལ་ཞིག་ཏུ་སྐྲུན་དགོས་པའི་སྐོད་འབོད་བྱས་ཡོད་པ་རེད། དེ་ཡང་ངོ་རྒོལ་བྱེད་མི་ཚོས། ཐེ་ལྦན་གཞུང་གིས་རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་གསར་པ་འཛུགས་སྐྲུན་བྱེད་བཞིན་པ་དེ་མཚམས་འཇོག་བྱ་དགོས་པ་དང༌། དེ་བཞིན་རྡུལ་ཕྲན་གྱི་རྙིགས་རོ་གསོག་འཇོག་བྱས་པ་རྣམས་གཙང་སེལ་བཟོ་དགོས་པའི་སྐད་འབོད་བྱས་ཡོད་པ་རེད།