མགོ་ལོག་པདྨ་རྫོང་དུ་བོད་མི་༢༠༠ཙམ་ནས་ངོ་རྒོལ།

མགོ་ལོག་པདྨ་རྫོང་ཐོག་ཏུ་མི་གྲངས་༢༠༠ཡས་མས་ཤིག་གིས་སྤྱི་ཟླ་དང་པོའི་ཚེས་༡༨ཉིན་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་རྒྱབ་’འདུག

2012.01.21

༄༅༎མགོ་ལོག་པདྨ་རྫོང་ཐོག་ཏུ་མི་གྲངས་༢༠༠་ཡས་མས་ཤིག་གིས་སྤྱི་ཟླ་དང་པོའི་ཚེས་༡༨ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བརྒྱབ་ཡོད་པའི་གནས་ཚུལ་སྐོར། བཙན་བྱོལ་ནང་ཡོད་པའི་མིང་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་ལ།

སྤྱི་ཚེས་༡༨ཉིན་མགོ་ལོག་པདྨ་རྫོང་ཐོག་ཏུ་མགོ་ལོག་ཨ་སྐྱོང་དགོན་པ་དང་བཛ་དགོན་པ་དང་པད་ནག་དགོན་པ་བཅས་དགོན་པ་གསུམ་ནས་གྲྭ་བ་སོགས་མཉམ་དུ་འཛོམས་ནས། རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་དགོས་ཡོད། པཎ་ཆེན་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་གློད་གྲོལ་གཏང་དགོས་ཡོད།    བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏང་དགོས་ཡོད།    བོད་མི་ཚོ་ལ་ཆོས་ལུགས་དད་པ་རང་མོས་དང་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་མི་གྲངས་༢༠༠ཙམ་ཞིག་གིས་རྒྱ་ནག་གཞུང་ལ་ཆུ་ཚོད་༢ནས་༣བར་ངོ་རྒོལ་སྐད་འབོད་བརྒྱབ་ཡོད་པ་དང་། སྐབས་དེ་དུས་བོད་མི་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཡང་ཁྱེར་ཡོད་པ་དང༌།  མཚོ་སྔོན་ཞིང་ཆེན་སོགས་ནས་ཉེན་རྟོགས་པ་དང་དམག་མི་མང་པོ་ཡོང་སྟེ་ལས་འགུལ་ནང་ཞུགས་མི་དགོན་པ་གཉིས་ལ་དམག་གིས་བསྐོར་ནས་ཡོད་པ་སོགས་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་རེད། ལས་འགུལ་སྤེལ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། ཉེ་ཆར་མགོ་ལོག་སྤྲུ་སྐུ་བསོད་པ་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེག་བཏང་རྗེས་རྒྱ་ནག་གཞུང་གིས་ནག་ཉེས་གཡོག་སྟེ་དངོས་ཡོད་གནས་ཚུལ་མི་ཤོད་པ་སོགས་ཀྱི་རྐྱེན་པས་བོད་མི་ཚོ་ཁོང་ཁྲོ་ཆེན་པོ་ལངས་ཡོད་པ་བཅས་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎