རྒྱ་ནག་ནང་ན་ནིང་ཨེཛ་ནད་པ་ཁྲི་ལྔ་འཕར་སྣོན་བྱུང་ཡོད་པ།

རྒྱ་ནག་འཕྲོད་བསྟེན་ཚན་པས་ན་ནིང་ལོར་རྒྱ་ནག་ནང་ཨེཛ་ནད་འབུ་འགོས་པའི་ནད་པའི་གྲངས་འབོར་ཁྲི་ལྔ་འཕར་སྣོན་བྱུང་ཡོད་པ་བརྗོད་འདུག

2008.11.27

༄༅༎རྒྱ་ནག་འཕྲོད་བསྟེན་ཚན་པས་ན་ནིང་ལོར་རྒྱ་ནག་ནང་ཨེཛ་ནད་འབུ་འགོས་པའི་ནད་པའི་གྲངས་འབོར་ཁྲི་ལྔ་འཕར་སྣོན་བྱུང་ཡོད་པ་དང་གྲངས་འབོར་དེ་ཉིན་རེར་ཆ་བགོས་བྱས་ན་ཉིན་གཅིག་ལ་རྒྱ་ནག་ནང་ཨེཛ་ནད་འབུ་འགོས་པའི་མི་གྲངས་བརྒྱ་དང་བཞི་བཅུ་ཐོན་ཡོད་པ་དང་གཅིག་མཚུངས་ཤིག་ཡིན་པའི་གནས་ཚུལ་ཞིག་ཁྱབ་བསྒྲགས་བྱས་འདུག

དེའང་ཁ་ས་སྤྱི་ཚེས་ཉི་ཤུ་དྲུག་གི་ཉིན་དེར་རྒྱ་ནག་འཕྲོད་བསྟེན་ཚན་པའི་ནད་ཡམས་དོ་དམ་ཅུས་ཀྱི་འགན་འཛིན་གཞོན་པ་ཧའོ་ཡང་ནས་པེ་ཅིང་ལ་བསྐོངས་འཚོགས་བྱས་པའི་ཚོགས་འདུ་ཞིག་གི་ཐོག་གསུངས་བཤད་ཅིག་གནང་སྟེ་ད་ལོའི་སྤྱི་ཟླ་དགུ་པའི་ཟླ་མཇུག་བར་རྒྱ་ནག་ནང་སར་ཨེ་ཛིའི་ནད་འབུ་འགོས་པའི་ནད་པ་ཁྱོན་མི་གྲངས་འབུམ་གཉིས་དང་བཞི་ཁྲི་བཞི་སྟོང་གསུམ་བརྒྱ་བཅུ་མེད་གཉིས་བཙལ་བརྙེད་ཐུབ་ཡོད་པ་དང་ཨེ་ཛིའི་ནད་འབུ་ཡོད་པའི་ནད་པ་དེ་ཚོའི་ཁྲོད་ནས་ད་ཆ་གསུམ་ཁྲི་བཞི་སྟོང་ལྷག་ཙམ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པར་གསུངས་འདུག་ལ་ད་དུང་རྒྱ་ནག་འཕྲོད་བསྟེན་ཚན་པའི་ནད་ཡམས་དོ་དམ་ཅུས་ཀྱི་འགན་འཛིན་ཧའོ་ཡང་ནས་འདས་ཟིན་པའི་ན་ནིང་གི་ལོ་དེའི་ནང་རྒྱ་ནག་ནང་སར་ཨེ་ཛིའི་ནད་འབུ་འགོས་པའི་ནད་པའི་གྲངས་འབོར་དེ་ཁྲི་ལྔ་འཕར་སྣོན་བྱུང་ཡོད་པ་དང་གྲངས་འབོར་དེ་ཉིན་རེར་ཆ་བགོས་བྱས་ན་ཉིན་གཅིག་ལ་རྒྱ་ནག་ནང་ཨེ་ཛིའི་ནད་འབུ་འགོད་པའི་མི་གྲངས་བརྒྱ་དང་བཞི་བཅུ་ཐོན་ཡོད་པ་དང་གཅིག་མཚུངས་ཤིག་ཡིན་ཞེས་གསུངས་འདུག ཡང་པེ་ཅིང་ལ་ཡོད་པའི་རྒྱ་ནག་དམངས་ཁྲོད་ཀྱི་ཨེ་ཛིའི་ནད་གཞིའི་སྔོན་འགོག་སྒྲིག་འཛུགས་ཀྱི་ཞིབ་འཇུག་པ་ཞིག་ནས་དོན་དངོས་སུ་ད་ཆ་རྒྱ་ནག་ནང་སའི་ཨེ་ཛིའི་ནད་གཞིའི་ཡོད་པའི་ནད་པའི་གྲངས་འབོར་དེ་ནི་གཞུང་ཕྱོགས་ཀྱི་འཕྲོད་བསྟེན་ཚན་པས་གསལ་བསྒྲགས་གནང་བའི་གྲངས་འབོར་ལས་ཧ་ཅང་གི་མང་བ་ཡོད་པ་མ་ཟད་གནས་ཚུལ་ཡང་དེ་བས་ཚབས་ཆེ་བ་ཞིག་ཡོད་པར་གསར་འགོད་པར་གསུངས་འདུག་ལ་ད་དུང་ཞིབ་འཇུག་པ་དེས་རྒྱ་ནག་གི་ཨེ་ཛིའི་ནད་གཞི་སྔོན་འགོག་བྱེད་པའི་ལས་དོན་དེ་ད་བར་ལམ་ལྷོངས་བྱུང་མེད་པར་དེ་བས་ཕམ་ཉེས་སུ་ཕྱིན་ཡོད་པར་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎