བོད་ཨ་མདོ་ཁུལ་གྱི་གླུ་བ་སོག་ཕྲུག་ཤེས་རབ་ལགས་འཛིན་བཟུང་།

ཨ་མདོ་ཁུལ་གྱི་གཞས་བཏང་གནང་མཁན་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་ད་ཆ་ཀོང་གར་ཡོད་སུས་ཀྱས་ཤེས་རྟོགས་མེད་སྐོར།

2009.02.04

༄༅༎བོད་མདོ་སྨད་ཨ་མདོ་ཁུལ་གྱི་གཞས་བཏང་གནང་མཁན་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་ད་ཆ་ཁོང་གར་ཡོད་སུས་ཀྱས་ཤེས་རྟོགས་མེད་པ་རེད།

ཕྱི་ཚེས་གསུམ་ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན་ཧ་ལམ་ཟླ་བ་གཅིག་ལྷག་ཙམ་གྱི་གོང་དེར་ཨ་མདོ་རྨ་ལྷོ་ཁུལ་སོག་པོའི་རྫོང་གི་དམངས་ཁྲོད་གླུ་པ་དང་དགོད་གཏམ་བཤད་མཁན་སོག་ཕྲུག་ཤེས་རབ་ལགས་ཀྱིས་ བོད་མིའི་སྐྱིད་སྡུག་དང་འབྲེལ་བའི་སི་ཌི་འཁོར་ལོ་ཞིག་འགྲེམས་སྤེལ་གནང་བར་བརྟེན་ཁོང་འཛིན་བཟུང་བྱས་ཡོད་ཚུལ་བརྗོད་ཡོད་ནའང་སྒྲ་འཇུག་འཁོར་ལེབ་དེའི་མིང་ལ་ག་རེ་ཟེར་མིན་ཤེས་རྟོགས་མེད་རུང་དེའི་ནང་གི་སྒྲ་སྙན་མཉམ་གཏོང་རོལ་གཞས་སྤྱི་ལོ་༡༩༥༨དང་སྤྱི་ལོ་༢༠༠༨ཞེས་པའི་གླུ་དབྱངས་དེ་དེང་སྐབས་ཨ་མདོ་ཕྱོགས་སུ་གསང་བའི་སྒོ་ནས་དར་ཁྱབ་ཆེན་པོ་ཡོད་པའི་གནས་ཚུལ་འདུག ད་ཆ་ཨོ་སི་ཀྲེ་རི་ལི་ཡའི་ནང་ཡོད་པའི་བོད་མི་ཞིག་གིས་ཁ་སྔོན་ཁོང་གིས་ཕ་ཡུལ་ཕྱོགས་སུ་འབྲེལ་གཏུགས་གནང་བའི་སྐབས་མི་མང་པོ་ཞིག་གིས་སོག་ཕྲུག་ཤེས་རབ་ལགས་ཀྱི་གོང་བརྗོད་གླུ་གཞས་དེ་ལག་འཁྱེར་ཁ་པར་ནང་བཅུག་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ལ་དེ་བཞིན་སོག་ཕྲུག་ཤེས་རབ་ལགས་ཀྱིས་སྒྲ་འཁོར་གསར་པ་དེ་འགྲེམས་སྤེལ་བྱས་མ་ཐག་རྒྱ་མིས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད་ད་ལྟ་སྒྲ་འཁོར་ས་ཌི་གཞུང་བཞེས་བཏང་ནས་ཁྲོམ་རྭའི་ནང་བཙོང་ཆོག་གི་མེད་པ་རེད། སོག་ཕྲུག་ཤེས་རབ་ལགས་ནི་བོད་ཨ་མདོ་ཁུལ་གྱི་གཞོན་སྐྱེས་གླུ་བ་ཞིག་ཡིན་པ་དང་དེ་སྔོན་མཚོ་སྔོན་རླུང་འཕྲིན་ཁང་སོགས་ཀྱིས་གཙོ་སྒྲུབ་གནང་བའི་རིག་རྩལ་དགོང་ཚོགས་སོགས་སུ་ཞུགས་མྱོང་མཁན་ཞིག་ཡིན་པ་རེད། ཁོང་གི་བཏང་གནང་བའི་གླུ་གཞས་༡༩༥༨དང་༢༠༠༨ཞེས་པའི་གཞས་ཚིག་ནི།

འདིའི་སྤྱི་ལོ་༥༨ལོ། དྲག་ནག་པོ་བོད་ལ་ཐོན་པའི་ལོ།

རྗེ་བླ་མ་བཙོན་ལ་བཟུང་བའི་ལོ། ལོ་དེ་ལ་ང་ཚོ་འཇིགས་སྣང་ཆེ།

ལོ་དེ་ལ་ང་ཚོ་འཇིགས་སྣང་ཆེ།

འདིའི་སྤྱི་ལོ་༥༨ལོ། བོད་དཔའ་བོ་ཁྲག་ལ་སྦྱར་བའི་ལོ།

བོད་ཉེས་མེད་བཙོན་ལ་བཟུང་བའི་ལོ། ལོ་དེ་ལ་ང་ཚོ་འཇིགས་སྣང་ཆེ།

ལོ་དེ་ལ་ང་ཚོ་འཇིགས་སྣང་ཆེ།

འདི་སྤྱི་ལོ་༢༠༠༨ཀྱི་ལོ། བོད་ཉེས་མེད་གཅར་རྡུང་བྱེད་ཀྱི་ལོ།

སའི་གོ་ལའི་འབངས་མི་བསད་པའི་ལོ། ལོ་དེ་ལ་ང་ཚོ་འཇིགས་སྣང་ཆེ།

ལོ་དེ་ལ་ང་ཚོ་འཇིགས་སྣང་ཆེ།

གོང་ཞུས་ཀྱི་གླུ་དེ་བཏང་གནང་མཁན་སོག་ཕྲུག་ཤེས་རབ་ལགས་དགུང་ལོ་སུམ་ཅུ་སོ་ལྔ་ཡིན་པའི་གནས་ཚུལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎