བོད་ནང་བསྐྱོད་ཕྱོགས་ཀྱི་སྒྲིག་གཞི།

ཕྱི་རྒྱལ་བ་བོད་ནང་བསྐྱོད་རྒྱུ་ཁག་ཏུ་གཏོང་རྒྱུའི་ཆེད། སྔ་ལོ་རྒྱ་གཞུང་གིས་སྒྲིག་གཞི་གསར་པ་ཞིག་གཏན་འབེབས་བྱས་པ་དེ། ད་ཆ་ཕྱིར་འཐེན་བྱས་སྐོར་ཨིན་ཇིའི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་ཞིག་གིས་ཕྱི་བསྒྲཌ་བྱས་འདུག

2013.01.11

༄༅།    །དེ་ཡང་ World Expeditions  ཞེས་པའི་ཨིན་ཇིའི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་འགན་འཛིན་ Gordon Steer ཡིས་དེ་རིང་ཚེས་ ༡༡ ཉིན་རྒྱུད་ལམ་ཁག་ལ་གནས་ཚུལ་འགྲེལ་བརྗོད་བྱས་པར་གཞིགས་ན། ལོ་སྔོན་མར་རྒྱ་ནག་གཞུང་གིས་སྒྲིག་གཞི་ཞིག་གཏན་འབེབ་བྱས་པའི་ནང༌། ཕྱིའི་རྒྱལ་ཁབ་གཅིག་གི་མི་སེར་ཡིན་པའི་མི་སྣ་ལྔ་ལས་མ་ཉུང་བའི་རུ་ཁག་ཅིག་ལ་མ་གཏོགས་བོད་ནང་བསྐྱོད་རྒྱུར་ཐོངས་མཆན་ལག་འཁྱེར་སྤྲོད་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་ཀྱང༌། ད་ཆ་སྒྲིག་གཞི་དེར་འགྱུར་བ་བཏང་སྟེ། གལ་ཏེ་རྒྱལ་ཁབ་གཅིག་ནས་ཡིན་པའི་མི་སེར་གཉིས་ལས་མང་བའི་རུ་ཁག་ཞིག་བྱུང་བ་ཡིན་ན། དེར་བོད་ནང་བསྐྱོད་འཐུས་ཆོག་པའི་ཐོངས་མཆན་མཁོ་སྤྲོད་བྱ་རྒྱུ་བཟོས་ཡོད་པ་ནི། བོད་ནང་ཡུལ་སྐོར་སྤྲོ་འཆམ་དང༌། རི་འཛེགས་སོགས་ཀྱི་ཆེད་བསྐྱོད་འདོད་ཡོད་པའི་མི་རྣམས་ལ་གཏམ་བཟང་གི་གནས་ཚུལ་ཞིག་ཡིན་པས་མ་ཟད། རྒྱ་ནག་གཞུང་གི་ཐག་གཅོད་དེ་ཡིས། བོད་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ལས་དོན་གཉེར་མཁན་ཚོར་ཡང་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་གསུང་འདུག འོན་ཀྱང་ཕྱོགས་གཞན་ནས་བོད་ནང་གི་བོད་མི་ཚོའི་འགྲོ་ཡོང་ཐོག རྒྱ་ནག་གཞུང་ནས་དམ་བསྒྲགས་ཤུགས་ཆེ་རུ་གཏོང་གི་ཡོད་པ་ནི།  ཉེ་ལམ་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང༌། བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ཐིང་ཟེར་བས་བོད་ནང་གི་གུང་ཁྲན་ཏང་མི་དང་།    གཞུང་གི་ལས་བྱེད་པ་ཕྱིར་ཐོན་ནས་ཏྭ་ལའི་རུ་ཚོགས་ཀྱི་སྨོན་ལམ་སོགས་ ཁ་བྲལ་ལས་འགུལ་ནང་ཞུགས་མཁན་ལ་ཉེས་ཆད་གཏན་འབེབ་ཡིག་ཆ་ཟེར་བ་ཞིག་གསལ་བསྒྲགས་བྱས་པའི་ནང༌།  
ཕྱིར་ཐོན་ནས་ཏྭ་ལའི་རུ་ཚོགས་ཀྱི་སྨོན་ལམ་སོགས་ཁ་བྲལ་ལས་འགུལ་ནང་ཞུགས་པ་དེ། ཏྭ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་བྲལ་དང༌། མི་རིགས་མཐུན་བསྒྲིལ་ལ་གཏོར་བཤིག་གཏོང་བའི་ཚབས་ཆེའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ནང་ཞུགས་པ་ཞིག་ཡིན་པར།  དེ་ལྟ་བུའི་ལས་འགུལ་ནང་གུང་ཁྲན་ཏང་མི་དང༌། ལས་བྱེད་པ་ཡོངས་ནས་འཛུལ་ཞུགས་མི་ཆོག་པ་དང༌།    གཏན་འབེབ་འདི་གུང་ཁྲན་ཏང་མི་དང༌། ལས་བྱེད་པ། ལས་བྱེད་པའི་དོ་དམ་གཞིར་བཟུང་རྒྱལ་ཁབ་ཀྱི་ལས་མི་དང་། རྒྱལ་ཁབ་ཀྱི་འཛིན་སྐྱོང་སྡེ་ཚན་ཁག་ནང་ཡོད་པའི་ལས་མི་བཅས་ལ་ཁྱབ་པ་ཡིན།    ཞེས་བཀོད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎