ཚོང་དོན་མ་རྩ་འཛུགས་རྒྱུར་ཕན་ཚུན་མོས་མཐུན།
2013.12.02
དབྱིན་ཡུལ་ནང་ཚོང་ལས་ཐོག་རྒྱ་ནག་གིས་མ་རྩ་འཛུགས་འཇོག་བྱས་ན་འགྲིག་སྐོར་དབྱིན་ཇིའི་སྲིད་བློན་མཆོག་གིས་གསུངས་འདུག
དེ་སྔོན་༢༠༡༢ལོར་དབྱིན་ཇིའི་སྲིད་བློན་Cameronམཆོག་གིས་བོད་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པར་། རྒྱ་ནག་གིས་སྐྱོན་བརྗོད་དང་འབྲེལ་རྒྱལ་ཁབ་གཉིས་དབར་གྱི་ཕྱི་འབྲེལ་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་ནའང༌། ད་རེས་དབྱིན་ཡུལ་གྱི་གཞུང་ཚབ་ཁང་གི་དཔོན་རིགས་ཚོས་སྲིད་བློན་Cameron མཆོག་གི་གཟིགས་སྐོར་དེ་བཞིན་རྒྱ་ནག་དུ་དབྱིན་ཡུལ་གྱི་ཚོང་དོན་རུ་ཁག་ཆེ་ཤོས་དེ་འབྱོར་བར་ངོས་འཛིན་གནང་བ་དང་། དེ་མཚུངས་སྲིད་བློན་Cameron མཆོག་ནས་ཀྱང་རྒྱ་ནག་དང་། ཡུ་རོབ་ཆིག་སྒྲིལ་མཐུན་ཚོགས་དབར་རང་དབང་ཅན་གྱི་ཚོང་དོན་མཐུན་གྲོས་འཇོག་ཐུབ་རྒྱུར་སྐུལ་དེད་གནང་རྒྱུའི་དམ་བཅའ་བཞག་གནང་འདུག།
དབྱིན་ཡུལ་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་བློན་Li Keqiang གིས་ རྒྱ་ནག་དང་ཨིན་ཡུལ་གཉིས་དབར་མྱུར་ཚད་མགྱོགས་པའི་མེ་འཁོར་འཛུགས་བསྐྲུན་གྱི་ལས་འཆར་ཐོག་གྲོས་མཐུན་བྱུང་ཡོད་པ་དང༌། རྒྱ་ནག་གིས་ཨིན་ཡུལ་ནང་ཞི་བའི་རྡུལ་ཕྲན་གློག་ཤུགས་ཀྱི་ལས་འཆར་ནང་མ་རྩ་འཛུགས་རྒྱུར་མོས་མཐུན་བྱུང་ཡོད་སྐོར་གསར་འགོད་པར་འགྲེལ་བརྗོད་བྱས་འདུག།
དེ་བཞིན་ཕྱོཌ་གཉིས་དབར་མཁའ་དབྱིངས་རྩད་ཞིབ་དང་གསར་འགོད་བརྗེ་ལེན། དངོས་ཟོག་ཐོན་སྐྱེད་ཀྱི་བདག་དབང་སྲུང་སྐྱོབ་སོཊ་ལས་འཆར་འདྲ་མིན་ཁག་བཅུའི་ནང་མཉམ་འབྲེལ་གནང་རྒྱུའི་མཐུན་གྲོས་བཞག་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།