གནས་སྤོ་རིམ་པ་དང་པོ་བདེ་འབྱོར་བྱུང་འདུག
2013.12.02

རྒྱ་གར་ཨ་རུ་ནཱ་ཅལ་ཁུལ་གྱི་བོད་མི་ཆིག་སྟོང་ཁེ་ན་ཌར་གཞིས་སྤོ་བྱེད་རྒྱུའི་ལས་གཞིའི་ཁྲོད་ཀྱི་རིམ་པ་དང་པོའི་མི་གྲངས་༡༧ རེས་གཟའ་པ་སངས་ཉིན་ཁཱ་ན་ཊའི་གྲོང་ཁྱེར་Ottawaནང་བོད་མི་༡༠་དང༌། གཞན་བོད་མི་བདུན་གྲོང་ཁྱེར་Torontoརུ་བདེ་འབྱོར་ཡོད་པ་དང་། Ottawa Citizen ཞེས་པའི་གསར་ཤོག་གིས་ཕྱི་ཚེས་༡ཉིན་སྤེལ་བའི་གནས་ཚུལ་ནང༌། རྒྱ་གར་ནས་Ottawa འབྱོར་བའི་བསྟན་འཛིན་ཚང་དབྱངས་གིས་ད་བར་རྒྱལ་ཁབ་མེད་པའི་མི་ཞིག་ཁེ་ན་ཌའི་མི་སེར་ཆགས་རྒྱུ་ཡིན་པར་དགའ་ཚོར་ཆེན་པོ་བྱུང་ཞེས་བརྗོད་འདུག
འཆར་གཞི་ལྟར་ན། ཁེ་ན་ཌ་གཞུང་གིས་ཁས་ལེན་གནང་བའི་གྲངས་འབོར་ལྟར། བོད་མི་༡༠༠༠ཡོངས་རྫོགས་ལོ་ལྔའི་ནང་ཁེ་ན་ཌར་གནས་སྤོ་ཚར་བ་གནང་རྒྱུ་ཡིན་པ་རེད།
བོད་མི་དེ་ཚོ་རིམ་པས་སོ་སོའི་མགྲོན་བདག་ཁྱིམ་ཚང་གིས་བདག་པོ་བརྒྱབ་ནས་། ཕྱི་མི་གཞིས་ཆགས་གནས་སྤོས་ཐད་རོགས་རམ་གནང་མཁན་ཡེ་ཤུའི་ཆོས་ཚོགས་ཀྱིས་ཁོང་ཚོར་གཞིས་ཆགས་དང་འབྲེལ་བའི་མཐུན་འགྱུར་རོགས་རམ་འགོ་འཛུགས་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།