བོད་ནང་བོད་མི་ནང་ཁུལ་དམ་བཅའ།
2013.01.23
དེ་ཡང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་དང་། ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་ཞི་རྒོལ་ཆེན་མོའི་ཆིག་སྒྲིལ་གྱི་རྣམ་པ་ལྷག་དོན་བོད་ནང་བོད་དོན་ཆེད་རང་ལུས་མེ་བསྲེགས་བཏང་མཁན་འདས་གསོན་དཔའ་པོ་དཔའ་མོ་ཚོའི་འབོད་སྒྲའི་ནང་དོན་ལྟར། ཉེ་ལམ་དང་ལྷག་དོན་སྤྱི་ལོ་༢༠༡༣་ལོ་ནས་བོད་མདོ་སྨད་ཁུལ་དུ་དམངས་ཚོགས་ཁྲོད་བོད་མི་ནང་ཁུལ་འཁྲུག་འཛིང་མི་བྱེད་པ་དང་། ཕན་ཚུན་ཕ་སྐད་གཙང་མ་བཤད་པ། ཆེ་བཀུར་ཆུང་བྱམས་སོགས་ཡ་རབས་བཟང་སྤྱོད་དང་། ཆོལ་གསུམ་མཐུན་སྒྲིལ་ལྡོག་རྩ་གཅིག་སྒྲིལ་བྱེད་པ། དུ་ཆང་ལ་མི་སྤྱོད་པ། རྐུ་འཕྲོག་བཅོམ་གསུམ་མི་བྱེད་པ་སོགས་ཡིག་ངག་གཉིས་ཐོག་ནས་དམ་བཅའ་འཇོག་པའི་ཚ་རླབས་ཞིག་འཕྱུར་བཞིན་པ་དང་། གནས་ཚུལ་དེ་དེང་སང་བོད་མིའི་སྤྱི་ཚོགས་ཁྲོད་དོ་སྣང་ཆེན་པོ་བྱུང་ཐོག་ཤེས་ཡོན་པའི་སྡེ་དང་། བོད་མི་དོ་སྣང་ཅན་ཚོས་བསྔགས་བརྗོད་ཡང་ཐོབ་བཞིན་པ་མུ་མཐུད་བོད་ཀྱི་ས་གནས་གང་སར་ཁྱབ་བཞིན་པ་རེད་འདུག།
གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན་། ༢༠༠༨ལོའི་རྗེས་ནས་བོད་ནང་བོད་མི་ནང་ཁུལ་འཁྲུག་འཛིང་དང་། རྩ་ས་རྩོད་གླེང་གི་ནང་འཁྲུག་སོགས་མངོན་གསལ་དོད་པོས་ཇེ་ཉུང་ལ་སོང་ཡོད་པ་རེད། ད་དུང་རྩ་ཆེ་གཅན་གཟན་ལྤགས་རིགས་མི་སྤྱོད་པ་དང་། གཞན་ལ་འཚེ་བའི་མཚོན་ཆ སྤངས་བ། འདྲེས་སྐད་སྔོན་འགོག་སོགས་ཀྱི་ལས་འགུལ་ཡང་གང་སར་རང་འགུལ་གྱིས་རྒྱ་ཁྱབ་ལ་འགྲོ་བཞིན་ཡོད་འདུག