ལྷ་སའི་བར་སྐོར་ལ་བསྐྱོད་པར་འགག་སྒོ་བཅུ་འགྲིམས་དགོས།

ལྷ་ལྡན་གཙུག་ལག་ཁང་གི་བར་སྐོར་ལ་བསྐྱོད་པར་རྒྱ་ནག་གིས་བཙུགས་པའི་འགག་སྒོ་བཅུ་འགྲིམས་དགོས་པ་མ་ཟད་རྒྱ་ནག་གི་ཉེན་རྟོག་དམག་གིས་ཉིན་མཚན་མེད་པར་སྐོར་སྲུང་བྱེད་བཞིན་པ་ཡིན་འདུག

2012.10.03

འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། དེང་སང་ལྷ་སའི་བར་སྐོར་དུ་འགྲོ་སྐབས་རྒྱ་ནག་གིས་གསར་དུ་བཙུགས་པའི་འགག་སྒོ་ ༡༠་ འགྲིམས་དགོས་ཀྱི་ཡོད་ཅིང་། འགག་སྒོ་དེ་དག་ཤག་གསར་སྒང་གི་འགག་སྒོ་དང་། ཁྲོམ་གཟིགས་སྒང་། ཤ་ཁྲོམ་བར་གྱི་འགག་སྒོ་སོགས་བཅུ་ཡོད་པ་རེད་འདུག་། བོད་མི་རྣམས་འགག་སྒོ་བརྒྱུད་ནས་འགྲོ་དུས་འཕྲུལ་ཆས་དཔར་ལེན་པ་དང་། ཡུལ་མིའི་ཐོབ་ཐང་ལག་འཁྱེར་སྟོན་དགོས་པ། བཅའ་དངོས་གང་ཡོད་པ་ཞིབ་བཤེར་བྱེད་པ་མ་ཟད་། མུ་ཟེ་དང་། མེ་སྤར་བྱེད་མེ་ལྕགས་སོགས་ཡོད་ན་བཙན་འཕྲོག་བྱེད་ཀྱི་ཡོད་འདུག

RFA

དེ་བཞིན་ལྷ་སའི་བར་སྐོར་ཁུལ་དུ་རྒྱ་ནག་གིས་ཆུ་ཚོད་ ༢༤་ རིང་བལྟ་སྲུང་ཚན་པ་ ༡༡༠་ སྡེ་ཚན་བདུན་དུ་ཆ་བགོས་བྱས་ནས་སྡེ་ཚན་རེ་རེའི་ནང་མི་གྲངས་ ༨་ ནས་ ༡༠་ ཡོད་པ་རྣམས་ཀྱིས་ཉིན་མཚན་མེད་པར་བལྟ་སྲུང་བྱེད་ཀྱི་ཡོད་པ་རེད་འདུག མ་ཟད་བར་སྐོར་དང་ཉེ་བའི་གྲོང་མི་ཨུ་ཡོན་ལྷན་ཁང་ཁག་དྲུག་ཡོད་པ་དང་། དེ་དག་སོ་སོའི་འགོ་འདོམས་པ་རྒྱ་དམག་གཉིས་ནས་གསུམ་གྱིས་ཆུ་ཚོད་ ༢༤་ རིང་བལྟ་སྲུང་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་འདུག་། ད་དུང་བར་བསྐོར་གཡས་གཡོན་གྱི་ཐོག་ཁའི་སྟེང་ནས་རྒྱང་ཤེལ་བཙུགས་ཏེ་བར་བསྐོར་ནང་སོ་བལྟ་བྱེད་མཁན་དྲུག་བཙུགས་ཡོད་པ་དང་། བར་སྐོར་ཁྱོན་ཡོངས་སུ་དམག་ཆས་མ་གྱོན་་པའི་རྒྱ་མིའི་དམག་མི་ཁྱུ་དང་ཁྱུ་གང་ས་གང་དུ་མཐོང་རྒྱུ་ཡོད་པའི་དམ་བསྒྲཌ་དང་འཇིགས་བསྐུལ་གྱི་ཁོར་ཡུག་ཞིག་གི་ནང་དུ་བོད་མི་རྣམས་བསྡད་ཡོད་པ་བོད་ནས་གནས་ཚུལ་འབྱོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎