བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དང་གནས་བབ་སྐོར་གོ་རྟོཊ་སྤེལ་བ།


2014.02.05
༧གོང་ས་མཆོག་གིས་བོད་ཀྱི་དུས་སྟོན་དབུ་འབྱེད་སྐབས། 02/2014 ༧གོང་ས་མཆོག་གིས་བོད་ཀྱི་དུས་སྟོན་དབུ་འབྱེད་སྐབས། 02/2014
པར། སྐུ་སྒེར་དྲ་བ།

བོད་ཀྱི་དུས་སྟོན་ཐོག་ད་ལྟའི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དང་རང་བྱུང་ཁོར་ཡུག་གི་གནས་བབ་སྐོར་གོ་རྟོགས་ཟབ་རྒྱས་སྤེལ་འདུག
དེ་ཡང་ཚེས་༥ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། Guwahati གྲོང་ཁྱེར་རུ་ཚོགས་བཞིན་པའི་བོད་ཀྱི་དུས་སྟོན་གྱི་ཉིན་གཉིས་པའི་སྐབས་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་བབ་ཇི་ཆགས་དང་། ལྷག་པར་དུ་ད་ལྟའི་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་ཆེས་ཛ་དྲག་ཏུ་འགྱུར་བཞིན་པའི་གནས་སྟངས་བཅས་ཀྱི་སྐོར་གོ་རྟོགས་འབུར་འདོན་གནང་ཡོད་པ་རེད། བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་བབ་ཆ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་སྡེ་ཚན་གྱི་ལས་བྱེད་བསྟན་པ་རྒྱལ་ཚན་ལགས་ནས་Tibet’s Environment & It’s Impact on Asian Sub-continent འམ་བོད་ཀྱི་ཁོར་ཡུག་དང་། ཨེ་ཤི་ཡའི་གླིང་ཕྲན་ཁུལ་ལ་དེའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་འོག་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནད་འགག་དང་རྒྱ་ནག་གཞུང་གི་སྲིད་ཇུས་རྐྱེན་པས་ཁོར་ཡུག་ཉམ་ཆགས་ཇི་འགྲོའི་སྐོར་ཞིབ་ཕྲའི་ངོ་སྤྲོད་གནང་འདུག དེ་བཞིན་ཡང་བོད་ཀྱི་དུས་སྟོན་འདིའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགྲེམས་སྟོན་ཁང་ནས་བོད་ལ་རྒྱངས་ལྟ་ཞེས་པའི་གློག་བརྙན་དང་།  བོད་མིས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་དགོས་དོན་སྐོར། ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གི་སྐོར་བཅས་གློག་བརྙན་གཟིགས་འབུལ་ཞུས་པ་བརྒྱུད། ད་ལྟའི་བོད་ནང་ཛ་དྲག་ཅན་གྱི་ཆབ་སྲིད་ཀྱི་གནས་སྟངས་སྐོར་གཟིགས་འབུལ་ཞུས་ཡོད་པ་རེད།


གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎