རང་ལུས་མེ་བསྲེགས་གནད་དོན་གང་འབྲེལ་བ་འདུག

བོད་ནང་རང་ལུས་མེར་སྲེག་མཚམས་མ་ཆད་པར་ཡོང་བཞིན་པ་ནི་ཆབ་སྲིད་ཀྱི་གནད་དོན་ཡིན་ནམ། འུ་ཐུག་ཐབས་ཟད་དམ་ཆོས་ལུགས་དང་འབྲེལ་བའི་གནད་དོན་ཞིག་རེད་ཅེས་ཨ་རིའི་གསར་ཤོག་ཞིག་གིས་དྲི་བ་བཏོན་འདུག

2012.12.05

དེ་ཡང་ཨ་རིའི་New York Times གསར་ཤོག་གིས་དྲི་བ་བཏོན་པའི་གནས་ཚུལ་ནང་། ད་བར་བོད་མི་༩༠ལྷག་འདས་གྲོངས་ཕྱིན་པའི་ནང་ནས་གོང་གི་ཟླ་བ་འདིའི་ནང་མང་ཤོས་ཡིན་པ་དང༌། དེ་ནས་རེས་གཟའ་ཟླ་བའི་ཉིན་མགོ་ལོག་ཁུལ་གྱི་དགེ་འདུན་པ་བློ་བཟང་དགེ་འདུན་ལགས་ཀྱིས་སྐུ་ལུས་མེར་སྲེག་གིས་ལག་གཉིས་ཐལ་མོ་སྦྱར་ནས་གོམ་པ་༣༠༠ལྷག་སྤོས་ཏེ་རྒྱ་ནག་དམར་པོའི་གཞུང་གིས་བོད་ཐོག་དྲག་གནོན་ཆེ་བའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་ཐང་ལ་འགྱེལ་ནས་འདས་གྲོངས་ཕྱིན་ཡོད་པ་རེད།

བོད་ནང་གི་གནས་སྟངས་ཛ་དྲག་དེ་ལྟ་བུ་ཆགས་ཡོད་ནའང༌། རྒྱ་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་དང༌། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་པ། རྒྱལ་སྤྱིའི་རོགས་སྐྱོབ་ཚོགས་པ་སུ་ཞིག་བོད་ནང་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་ཕར་ཞོག།  རྒྱ་ནག་གིས་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གིས་བརྒྱུད་སྐུལ་གནང་གི་ཡོད་པའི་སྐྱོན་འཛུགས་ཞུ་བཞིན་ཡོད་པ་རེད། ༧གོང་ས་མཆོག་གིས་ཉེ་དུས་རྒྱ་གར་གྱི་གསར་ཤོག་The Hindu ལ།  གལ་ཏེ་རྒྱ་ནག་ལ་དེང་ཚོད་ཡོད་ཚེ། བོད་ནང་གི་དངོས་ཡོད་བདེན་པའི་གནས་ཚུལ་ལྟ་བར་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་བོད་དུ་གཏོང་དགོས་ཀྱི་རེད། ཁོང་ཚོས་ཕྱི་རྒྱལ་རྟོག་ཞིབ་མི་སྣ་བོད་ནང་ཡོང་མ་བཅུགས་པ་དེ་ཕྱི་ལ་མ་སྟོན་བར་སྦས་བཀུམས་བྱེད་ཡག་གི་ཁོང་ཚོར་སྣོང་ཡོད་པའི་རྟག་མཚན་རེད་ཅེས་བཀའ་གནང་ཡོད་པའི་སྐོར་ The New York Times ནང་གནས་ཚུལ་སྤེལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎