༧གོང་ས་མཆོག་གིས་མང་ཚོཊ་ལ་གསུང་བཤད་གནང་རྒྱུ།


2014.03.03
༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཞབས་སོར་འཁོད་སྐབས། ༢༠༡༤།༢།༡༩ ༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཞབས་སོར་འཁོད་སྐབས། ༢༠༡༤།༢།༡༩
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ།

༧གོང་ས་མཆོག་བསྐྱར་དུ་ཨ་རིའི་རྒྱལ་སར་ཕེབས་ནས་ཆོས་ལུགས་དང་མ་འདྲེས་པའི་ཡ་རབས་སྤྱོད་བཟང་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག
དེ་ཡང་༧གོང་ས་མཆོག་གིས་ཨ་མི་རི་ཀའི་བྱང་ཕྱོགས་Minnesotaམངའ་སྡེའི་ཁུལ་གྱི་མཛད་འཕྲིན་ཁག་གྲུབ་རྗེས། ཚེས་༥ཉིན་བསྐྱར་དུ་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ལ་ཆིབས་ བསྒྱུར་བསྐྱངས་ནས་ཨ་རིའི་གྲོས་ཚོཌ་གོང་འོག་གཉིས་ཀྱི་འཐུས་མི་སོཊ་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང་། ཚེས་༧་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡེ་ཤུའི་ལྷ་ཁང་ཆེན་པོ་ཞིག་གི་ནང་མི་དམངས་ལ་ཆོས་ལས་འདས་པའི་གོ་ལ་སྤྱི་ཡོངས་ཀྱི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་པ་དང་། མཛད་འཆར་དེ་བཞིན་ཡེ་ཤུའི་ལྷ་ཁང་ཆེན་མོ་དང་ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ཟུང་སྦྲེལ་ཐོག་ནས་གོ་སྒྲིག་གནང་རྒྱུ་ཡིན་འདུག མཛད་འཆར་ལྟར་ན། ༧གོང་ས་མཆོག་གིས་འཛམ་གླིང་གི་སྐྱེས་འགྲོ་ཐམས་ཅད་བཟང་སྤྱོད་དང་། བདེ་སྐྱིད་ལྡན་པའི་མི་ཚེ་སྐྱེལ་རྒྱུའི་ཕུགས་བསམ་དང་། ཐབས་ལམ་འཚོལ་རྒྱུའི་ཐད་དགོངས་ཚུལ་སྤེལ་རེས་གནང་རྒྱུ་དང་དུས་མཚུངས་ཐབས་ལམ་དེ་རྒྱུད་འཛམ་གླིང་འདི་བཞིན་བྱམས་བརྩེ་དང་། ཞི་བདེར་གནས་པའི་ངོ་བོར་བསྒྱུར་རྒྱུའི་ལམ་སྟོན་གནང་རྒྱུ་ཡིན་པ་རེད།
ད་དུང་གོང་ས་མཆོག་གིས་ཡེ་ཤུའི་ལྷ་ཁང་ཆེན་མོའི་ཆོས་དཔོན་Gary Hallམཆོག་དང་ལྷན་འཛམ་གླིང་ནང་ཞི་བདེ་འཚོལ་ཐབས་སྐོར་དགོངས་ཚུལ་སྤེལ་རེས་གནང་རྒྱུ་དང་། མཇུག་ཏུ་བཀའ་འདྲི་བཀའ་ལན་གནང་རྒྱུའི་མཛད་འཆར་ཡང་ཡོད་པ་རེད་ལ་སྐབས་དེའི་འཛིན་བྱང་ཡོད་ཚད་སྔ་ས་ནས་བཙོང་ཚར་བར་བརྟེན་གོ་སྒྲིག་བྱེད་མཁན་གྱིས་ཉིན་དེའི་མཛད་རིམ་ཁག་དྲ་ལམ་བརྒྱུད་ནས་དམངས་ཚོགས་ཚོས་ཉན་ཐུབ་པའི་མཐུན་རྐྱེན་བསྐྲུན་ཐབས་བྱེད་བཞིན་པ་ཡིན་འདུག
གསར་འགོད་པ་འབེན་པ་སྟོབས་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎