སི་པེན་ཁྲིམས་ཁང་ལ་བསྐྱེལ་བའི་ཞུ་གཏུག་རྩིས་མེད་བཏང་འདུག


2014.06.24
ཞུ་གཏུགས་སྐབས་སྐུ་ཞབས་ཐུབ་བསྟན་དབང་ཆེན་དང་རྒྱབ་སྐྱོར་བ། དཔང་མི་བཅས། ཁྲིམས་གཏུག་ཁྱབ་ཚད་ཐོག་འགྱུར་བ་གཏོང་རྒྱུ།
པར། CAT

རྒྱ་ནག་གི་འགོ་ཁྲིད་ཟུར་བ་ཁག་གཅིག་གིས་བོད་མི་རིགས་རྩ་མེད་བཟོ་ཐབས་བྱས་བའི་ཁྲིམས་གཏུག་སི་པེན་ཁྲིམས་ཁང་གིས་རྩིས་མེད་བྱས་འདུག
གཟའ་ཟླ་བའི་མཚན་མོ་སེ་པེན་གྱི་ཆེས་མཐོའི་ཁྲིམས་ཁང་ནས་རྒྱ་ནག་གི་འགོ་ཁྲི་ཟུར་པ་ཁག་གཅིག་གིས་བོད་ནང་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱས་པའི་གྱོད་གཞི་སེ་པེན་གྱི་ཁྲིམས་ཁང་ནང་ཞུ་གཏུག་བྱེད་བཞིན་ཡོད་པ་དེ་རྩིས་མེད་གཏོང་རྒྱུའི་ཐག་གཅོད་གསལ་བསྒྲགས་བྱས་འདུག
དེ་ཡང་ཞུ་གཏུག་པ་སེ་པེན་དུ་བཅའ་ཞུགས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྤྱི་ལོ་༢༠༠༦ལོར་སེ་པེན་རྒྱལ་ཁབ་ཀྱི་ཀུན་ཁྱབ་ཁྲིམས་ལུགས་ཟེར་བ་འཛམ་གླིང་གི་ས་ཕྱོགས་གང་ཞིག་ན་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་པ་དང་། རྡུང་རྡེག་མནར་གཅོད་བཏང་པ། མི་རིགས་རྩ་མེད་བཟོ་ཐབས་སོགས་ཀྱི་བྱ་སྤྱོད་སྤེལ་མཁན་གྱི་ཐོག་ཁྲིམས་བཤེར་བྱེད་ཆོག་པའི་ཁྲིམས་ལུགས་དེ་བརྒྱུད་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཅང་ཙེ་མིན་དང་། ལེ་ཕིན་ལ་སོགས་པས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་པ་དང་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱས་པའི་སྐྱོན་བཙུགས་གནང་ཡོད་ཅིང་། འདི་ལོ་ཕྱི་ཟླ་གཉིས་པའི་ནང་སེ་པེན་གྱི་ཁྲིམས་ཁང་ཞིག་གིས་གྱོད་བཙུགས་བྱ་ཡུལ་རྒྱ་ནག་གི་འགོ་ཁྲིད་ཟུར་པ་དེ་དག་འཛིན་བཟུང་བྱ་དགོས་པའི་དཔྱད་ཁྲ་བཏང་ཡོད་པ་རེད།  རྒྱ་ནག་གཞུང་གིས་སེ་པེན་ཁྲིམས་ཁང་གི་ཐག་གཅོད་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད། ཡུལ་གྲུ་གཉིས་ཀྱི་འབྲེལ་བའི་འཕེལ་རིམ་ལ་དོ་ཕོག་ཆེན་པོ་བཟོ་རྒྱུའི་ཉེན་བརྡ་རིམ་པ་བཏང་རྗེས་སེ་པེན་གཞུང་ཕྱོགས་ནས་སེ་པེན་རྒྱལ་ཁབ་ཀྱི་ཀུན་ཁྱབ་ཁྲིམས་ལུགས་ཟེར་བ་དེར་འགྱུར་བ་གཏོང་ཐབས་ཀྱི་ལས་འགུལ་འགོ་བརྩམས་པ་དང་། མཐར་སེ་པེན་གྲོས་ཚོགས་ནས་སེ་པེན་རྒྱལ་ཁབ་ཀྱི་ཀུན་ཁྱབ་ཁྲིམས་ལུགས་ཟེར་བ་དེའི་ཁྱབ་ཡུལ་འགྲོ་བ་མིའི་ཐོབ་ཐང་འགལ་འཛོལ་དང་མི་རིགས་རྩ་མེད་བཟོ་ཐབས་ཀྱི་ལས་དོན་སྤེལ་མཁན་ངེས་པར་སེ་པེན་གྱི་མི་སེར་ཞིག་དགོས་རྒྱུར་འགྱུར་བ་བཏང་ཡོད་པ་རེད།  དེར་བརྟེན་ཁ་སང་སྤྱི་ཚེས༢༣ཉིན་སི་པེན་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དགུ་ཡོད་པ་ནས་བདུན་གྱིས་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཚོའི་ཐོག་བསྐྱལ་བའི་གྱོད་གཞི་རྩིས་མེད་གཏོང་རྒྱུ་དེ་གཙོ་བོ་ཁྲིམས་ལུགས་གསར་པ་དེ་དང་འགལ་འཛོལ་དུ་འགྲོ་གི་ཡོད་པའི་རྒྱུ་མཚན་གྱི་ཐོག་ནས་ཐག་གཅོད་བྱས་པ་ཞིག་ཡིན་འདུག   
གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎