རྒྱལ་སྤྱིའི་ཐོག་འགྲེལ་བརྗོད་བྱེད་སྟངས་དེ་གལ་ཆེན་ཡིན།


2014.04.18
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་བགྲོ་གླེང་སྐབས། ༢༠༡༤།༤།༡༨ བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་བགྲོ་གླེང་སྐབས། ༢༠༡༤།༤།༡༨
པར། བོད་མིའི་སྒྲིག་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཐོག་བོད་དོན་འགྲེལ་བརྗོད་བྱེད་སྟངས་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་གསུངས་འདུག
དེ་ཡང་བོད་མིའི་སྒྲིག་འཛུཊ་ཀྱིས་རྒྱལ་སྤྱིའི་ནང་འབད་བརྩོན་སྐོར་གྱི་བགྲོ་གླེང་ཉིན་གཉིས་པའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཏམ་བཤད་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་བགྲོ་གླེང་ཚོཊ་འདུ་དེ་བཞིན་གོ་བསྒྲིགས་གནང་དགོས་དོན་གཙོ་བོ་ནི་བོད་དོན་འདི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཕྱི་མིག་ཅིག་བལྟས་ན། གྲུབ་འབྲས་གང་ཙམ་ཐོན་པ་དེའི་སྐོར་བསྐྱར་ཞིབ་གནང་སྟེ་འདི་ནས་སློབ་གསོ་ལེན་རྒྱུ་གང་ཡོད་མེད་དང་། སློབ་གསོ་ལེན་པའི་ཐོག་ནས་མ་འོངས་པར་བོད་མིའི་སྒྲིག་འཛུཊ་ངོས་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འབད་བརྩོན་གནང་རྒྱུར་ཏན་ཏན་ཐུཊ་ཕན་གསོ་བ་ཡོང་གི་རེད་སྙམ་གྱི་འདུག ཕྱི་ལོ་༡༩༨༧་ནས་༡༩༩༣་བར་གྱི་ལོ་ཡུན་སྐབས་བོད་མིའི་སྒྲིག་འཛུཊ་ཀྱིས་ཕྱག་ལས་ཧ་ཅང་མང་པོ་ཞིག་གནང་ཡོད་ལ་གྲུབ་འབྲས་ཀྱང་ཧ་ཅང་ཡག་པོ་ཐོན་ཡོད་ཅིང། གཞི་རྩའི་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་རྩ་དོན་རྩོད་མཁན་མང་པོ་ཞིག་བྱུང་བའི་ནང་ནས་བོད་དོན་དེ་འབུར་དུ་ཐོན་ཐུབ་པ་བྱུང་ཡོད། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་ལ་རྒྱབ་སྐྱོར་ཤུཊ་ཆེ་ཤོས་ཐོབ་མཁན་ཁོངས་སུ་ཡོད་པ་རྩོད་མེད་རེད། དེ་དག་ནི་སྐབས་དེར་ཕྱག་ལས་གནང་མཁན་སྲི་ཞུའི་ལས་བྱེད་པ་རྣམས་ཀྱིས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། རྒྱལ་སྤྱིའི་ཐོག་བོད་དོན་འགྲེལ་བརྗོད་བྱེད་སྟངས་དེ་ཧ་ཅང་གལ་ཆེན་པོ་ཆཊ་ཡོད། དཔེར་ན་བོད་ནང་བོད་དོན་ཆེད་སོ་སོའི་རྩ་ཆེའི་སྲོག་བློས་གཏོང་གནང་ནས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བསྟུད་མར་བྱུང་སྐབས་རྒྱ་ནག་གཞུང་ནས་དངུལ་སྒོར་ས་ཡ་མང་པོའི་འགྲོ་སོང་བཏང་སྟེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུཊ་ཀྱིས་བརྒྱུད་སྐུལ་བྱས་པ་ལས་བྱུང་ཚུལ་ཕྱི་ལ་འགྲེལ་བརྗོད་བྱེད་བཞིན་ཡོད། འོན་ཀྱང་ང་ཚོའི་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་གྱིས་བཙན་དབང་བྱས་པ་ནས་བཟུང་བོད་ནང་ཆབ་སྲིད་ཀྱི་དམ་བསྒྲཊ་སྤྱི་དང་། དཔལ་འབྱོར་དབྱེ་འབྱེད། རིག་གཞུང་རྩ་མེད། སྡུག་རྩུབ་དྲག་གནོན་བྱས་བ་སོཊ་ལ་བརྟེན་ནས་བོད་ནང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་བཞིན་པ་བཤད་པ་ལྟར་ཉེ་སྔོན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དང་། འགྲོ་བ་མིའི་ལྟ་རྟོགས་ཚོགས་པའི་སྙན་ཐོ། ཕྱི་ནང་གི་གསར་ལམ་ཁག་བཅས་རྒྱལ་སྤྱིའི་ནང་ང་ཚོའི་འགྲེལ་བརྗོད་དང་བོད་མིའི་འབོད་སྒྲར་ངོས་ལེན་གནང་བཞིན་པ་གསལ་བོ་ཡིན་དུས་མ་འོངས་བར་མུ་མཐུད་རྒྱལ་སྤྱིའི་ནང་བོད་དོན་འགྲེལ་བརྗོད་བྱེད་སྟངས་དེ་ཧ་ཅང་གལ་ཆེན་པོ་ཡིན་པས་དེའི་ཐད་ང་གཙོ་བའི་ང་ཚོའི་སྲི་ཞུ་བ་ཡོངས་ལ་འགན་ཆེན་པོ་ཡོད་པ་གསུངས་ཡོད།


གསར་འགོད་པ་བསོད་ནམ་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎