ལོ་རྒྱུས་དཔེ་དེབ་མི་རབས་གསར་པ་ཚོར་ངོ་སྤྲོད་ཡོང་བ་བྱ་དགོས།


2014.01.24
སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་མི་ཚེའི་ལོ་རྒྱུས་དཔེ་དེབ་༼མི་ཚེའི་མྱོང་ཚོར།༽ཞེས་པ་དབུ་འབྱེད་སྐབས། སྟག་སྣ་འཇིཊ་མེད་བཟང་པོ་ལགས་
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

སྟག་སྣ་འཇིཊ་མེད་བཟང་པོ་ལགས་ཀྱི་མི་ཚེའི་མྱོང་ཚོར་ཞེས་བའི་ལོ་རྒྱུས་ཕྱག་དེབ་དེ་མི་རབས་གསར་པ་ཚོར་ངོ་སྤྲོད་ཡོང་བ་སྲིད་སྐྱོང་གིས་གསུངས་འདུག
ཚེས་༢༤ཉིན་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་༼མི་ཚེའི་མྱོང་ཚོར་༽ཞེས་པའི་ཕྱག་དེབ་དབུ་འབྱེད་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་བདེ་སྲུང་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང། བོད་མི་དམངས་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས། སྟག་སྣ་འཇིགས་མེད་བཟང་པོ་ལགས་སོགས་ཕེབས་ཡོད་ཅིང། སྲིད་སྐྱོང་མཆོག་གིས་སྐབས་དེའི་མི་དམངས་འདུ་འཛོམས་ཐོག་ལ། ད་རེས་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཀྱི་ཕྱག་དེབ་དབུ་འབྱེད་བྱེད་རྒྱུ་བྱུང་བ་དེ་ངོས་ཀྱི་གཟི་བརྗིད་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེ་སྔ་ང་རང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་སློབ་དུ་སློབ་སྦྱོང་བྱེད་བཞིན་པའི་སྐབས། བོད་དོན་ལས་འགུལ་ནང་ཞུགས་དུས་སྟག་སྣ་འཇིགས་མེད་བཟང་པོ་ལགས་བོད་ཀྱི་གྲྭ་བཞི་བཙོན་ཁང་དུ་ཡོད་པའི་གནས་ཚུལ་གོ་མྱོང་ཡོད་ལ་ཁོང་གིས་བོད་དོན་ཐོག་ལ་འཐབ་རྩོད་གནང་བའི་ཕྱག་ལས་ཀྱིས་ང་ཚོར་སེམས་སྐུལ་ཡང་ཐེབས་མྱོང་ཡོད། མཐའ་ན་ཁོང་གིས་རྒྱ་ནག་གི་བཙོན་ཁང་དུ་བཞུགས་པའི་སྐབས་ལའང་བོད་དོན་གྱི་ལས་འགུལ་རིམ་པོ་མང་པོ་སྤེལ་གནང་ཡོད་པའི་ནང་ནས་གནད་འགག་ཆེན་པོ་ཞིག་ནི། ༡༩༩༢ ལོར་གྲ་བཞི་བཙོན་ཁང་དུ་སུད་སི་འགྲོ་བ་མིའི་ཐོབ་ཐང་ཕྱག་ལས་གནང་མཁན་སྐུ་ཚབ་གཟིགས་ཞིབ་ཏུ་ཕེབས་པའིས་སྐབས་ཁོང་གིས་བོད་མི་ཚོར་རང་དབང་དགོས་པའི་སྐད་འབོད་གནང་ཡོད་ཅིང། ཁོང་ནི་རྒྱ་ནག་གི་བཙོན་དུ་མི་ལོ་རིང་ཤོས་བཞུགས་མྱོང་མཁན་བོད་ཀྱི་ཆབ་སྲིད་བཙོན་པ་ཞིག་ཡིན་པ་མ་ཟད། ཁོང་ནི་བོད་དོན་འཐབ་རྩོད་གནང་མཁན་ཚོའི་ནང་གི་དཔེ་མཚོན་མི་སྣ་ཞིག་པ་དང། ཁོང་གི་ཕྱག་དེབ་དེ་དབྱིན་ཡིག་གཙོས་པའི་རྒྱལ་སྤྱིའི་སྐད་ཡིག་གཞན་དག་ནང་འབབ་བསྒྱུར་ཞུས་ཏེ་ཁོང་གི་བོད་དོན་འཐབ་རྩོད་གནང་བའི་ལོ་རྒྱུས་དེ་རྣམས་མི་རབས་གསར་པ་ཚོར་ངོ་སྤྲོད་ཡོང་བ་བྱ་དགོས་པའི་སྐོར་གསུང་ཡོད་པ་རེད།  
ཡང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལཌ་ཀྱིས་སྟག་སྣ་འཇིཌ་མེད་བཟང་པོ་ལཌ་ནི་བོད་རྒྱལ་ཁབ་དང་མི་རིགས། བོད་བསྟན་སྲིད་ཀྱི་དོན་དུ་ལྷག་བསམ་རྣམ་དག་དང་རྒྱལ་ཞེན་གྱི་དཔེ་མཚོན་གསོན་པོ་ཡིན་པ་གསུངས་འདུག
སྟག་སྣ་འཇིགས་མེད་བཟང་པོ་ལགས་མི་ལོ་༣༠ལྷག་རྒྱ་ནག་གི་བཙོན་དུ་བཞུགས་པ་དང། ༢༠༠༢ ལོའི་ཕྱི་ཟླ་གསུམ་པའི་ཚེས་༣༡ ཉིན་རྒྱ་ནག་གཞུང་གིས་སྨན་བཅོས་ཀྱི་མིང་ཐོག་ནས་གློད་བགྲོལ་བཏང་བའི་རྗེས་ཐོག་མར་ཨ་རིར་ཕེབས་པ་དང་། རྗེས་སུ་སུད་སིར་ཕེབས་ཏེ་ད་ལྟ་སུད་སིར་བཞུགས་ཡོད་པ་རེད།
གསར་འགོད་པ་ཉི་མ་དང་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎