རྒྱ་གར་རྒྱལ་ཡོངས་ཁྲིམས་ཀྱི་གཙུག་ལག་སློབ་གྲྭར་གཏམ་བཤད།


2014.02.07
སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་ཁྲིམས་ཀྱི་གཙུག་ལག་སློབ་གྲྭའི་ནང་གཏམ་བཤད་སྤེལ་བཞིན་པ། ༢༠༡༤།༢།༥ སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་ཁྲིམས་ཀྱི་གཙུག་ལག་སློབ་གྲྭའི་ནང་གཏམ་བཤད་སྤེལ་བཞིན་པ། ༢༠༡༤།༢།༥
པར། བོད་མིའི་སྒྲིག་འཛུགས།

རྒྱ་གར་གྱིས་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་ཐུགས་འགན་རྐང་བཞེས་ཐུབ་ངེས་བ་སྲིད་སྐྱོང་མཆོག་གིས་གཏམ་བཤད་སྤེལ་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས་ཕྱི་ཟླ་གཉིས་པའི་ཚེས་ལྔ་ཉིན་རྒྱ་གར་གྱི་བྱང་ཤར་Asam གྱི་རྒྱལ་ས་Guwahati ནང་གི་རྒྱ་གར་རྒྱལ་ཡོངས་ཁྲིམས་ཀྱི་གཙུག་ལག་སློབ་གྲྭའི་ནང་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གཏམ་བཤད་གནང་བའི་སྐབས། བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་སྲ་བརྟན་ཡོང་བའི་ཆེད་དུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་བྱས་པའི་འབྲས་བུར་ད་ཆ་མང་ཚོའི་ལམ་ལུགས་ཡོངས་སུ་རྫོགས་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པ་བྱུང་ཡོད། ༢༠༡༡ ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བོད་མི་དམངས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་རྩིས་སྤྲོད་གནང་བ་ནས་བཟུང་། བཙན་བྱོལ་ནང་མང་གཙོའི་ལམ་ལུགས་ཚད་དང་ལྡན་པར་གྱུར་ནས་ལོ་ངོ་གཉིས་ལྷག་ཙམ་འགྲོ་གི་ཡོད་པའི་སྐོར་སོགས་གཏམ་བཤད་གནང་གྲུབ་པའི་རྗེས་སློབ་ཕྲུག་ཚོའི་འདྲི་བ་ཁག་ལ་ལན་འདེབས་གནང་བའི་སྐབས། བོད་མི་ཚོས་རྒྱ་གར་གྱི་མེས་པོ་དམ་པ་གྷན་རྡི་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ཤར་བསྐྱོད་བྱས་ཏེ་འཚེ་མེད་ཞི་བའི་ཐབས་ལམ་དང་། གྲོས་མོལ་གྱི་ལམ་ནས་རྒྱ་ནག་གཞུང་གི་འགོ་ཁྲིད་ཀྱི་ལྷན་དུ་བོད་ཀྱི་དཀའ་ངལ་སེལ་ཐབས་འབད་བརྩོན་གནང་རྒྱུ་ཡིན་པའི་སྐོར་དང། ད་དུང་བོད་ནང་རང་ལུས་མེར་བསྲེགས་གཏོང་བའི་དོན་རྐྱེན་མུ་མཐུད་ཡོང་བཞིན་པ་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་དང་ཁོར་ཡུག་གནོད་འཚེ། ཆོས་ལུགས་དང་། སྐད་ཡིག ཆབ་སྲིད། རིག་གཞུང་པ་སོགས་ལ་དམ་བསྒྲཌ་བྱས་པའི་རྐྱེན་གྱིས་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེག་གཏོང་དགོས་བྱུང་བའི་འབྱུང་རྐྱེན་གསལ་པོ་མཚོན་ཐུབ་པ་ཞིག་ཡིན་ཞིང། འོན་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས། བོད་མི་ཚོར་རང་ལུས་མེརབསྲེགས་གཏོང་བ་སོགས་ཚབས་ཆེ་བའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་ཐོག་མ་ནས་འབོད་སྐུལ་ཞུས་ཡོད་ལ་མུ་མཐུད་ནས་འབོད་སྐུལ་ཞུ་བཞིན་ཡོད་པའི་སྐོར་དང། ཡང་རྒྱ་གར་ནི་ཁོར་ཡུག་དང་། རིག་གཞུང་སོགས་དམིགས་བསལ་བོད་དང་ལོ་རྒྱུས་ཀྱི་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན་པར་བརྟེན་ནས་རྒྱ་གར་གཞུང་ཕྱོགས་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་ཕན་ཐོགས་ཆེན་པོ་སྒྲུབ་ཐུབ་ངེས་ཡིན་པ་དང་། ཐུགས་འགན་རྐང་བཞེས་ཐུབ་ངེས་ཡིན་པའི་གཏམ་བཤད་གནང་ཡོད་འདུག
གསར་འགོད་པ་ཉི་མ་གཡུ་སྒྲོན།    

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎